དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-29

    ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་ཀྱི་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཆེ་དགྲ་ལྷ་སྲིན་བུ་རིར་ཕེབས་ནས་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་བརྟག་ཞིབ་གནང་བར་ཕེབས་ཡོད།

    ཆེ་དགྲ་ལྷས་ལྷ་སའི་ཀོ་ཆས་བཟོ་གྲྭ་གནས་སྤོ་འཛུགས་སྐྲུན་དང་། ཉིང་ཁྲི་འཁེལ་འཐག་བཟོ་གྲྭ་སླར་གསོ་བསྐྱར་སྐྲུན། དེང་རབས་འབྲོག་ར་བཅས་དང་དེ་བཞིན་ཀུ་ཤུ་འདེབས་འཛུགས་རྣམ་གྲངས་ལ་སྐུལ་འདེད་གཏོང་ཚུལ་བཅས་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཐོན་ལས་འཕེལ་རྒྱས་ཐད་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་ནས་བྱང་ཚད་མཐོ་བའི་ཐོན་ལས་བཟོ་པའི་དཔུང་ཁག་ཅིག་གསོ་སྐྱོང་དང་སྐྱེད་སྲིང་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་ནུས་ལྡན་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཕྱོགས་བསྡུས་སྲིད་དོན་ལྟེ་གནས་དང་སློབ་གྲྭའི་སྨན་ཁང་གི་དུས་ཐེངས་གཉིས་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་སྐབས། ཁོང་གིས་བདེ་འཇགས་དང་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྣམ་གྲངས་ཀྱི་མྱུར་ཚད་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་མ་ཟད། སྲིན་བུ་རིའི་རིག་ལྡན་འོད་ཤུགས་དམངས་ཕན་འདུ་འགོད་ཀྱི་འཕེལ་རིམ་གནས་ཚུལ་གྱི་སྙན་སེང་ཡང་གསན་ཞིང་། ཁོང་གིས་རིག་ལྡན་ནུས་རྒྱུའི་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ཡག་པོ་བྱས་ཏེ་ནུས་རྒྱུ་གཙང་མར་བརྟེན་ནས་གནས་སྤོས་མང་ཚོགས་ལ་བདེ་སྐྱིད་སྐྲུན་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཆེ་དགྲ་ལྷས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་རྣམ་གྲངས་གསེད་བཀྲོལ་སྔར་བས་ནན་པོ་བྱེད་པ་དང་། སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། མ་དངུལ་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ། མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། གཙོ་གནད་ཁུལ་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་ཨར་སྐྲུན་གྱི་འབོར་ཚད་དང་སྐུལ་འདེད་ཀྱི་འཕེལ་རིམ་ལ་ཚན་རིག་དང་མཐུན་ལ་སྔོན་ཚུད་ནས་བརྡར་ཤ་གཅོད་པ་དང་། ལས་ཡུན་ལྡོག་སྒྲིག་དང་ལས་རིམ་གསལ་པོར་འགོད་པ། ཚད་གཞི་ནན་སྲུང་། ཨར་སྐྲུན་ཞིབ་ཚགས། གཟའ་འཁོར་རེའི་བཀོད་གཏོང་སྙན་ཞུའི་ལམ་ལུགས་ལག་བསྟར་བཅས་བྱེད་དགོས་པ། ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་དྲིལ་བསྒྲགས་བྱ་རྒྱུ་དེ་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གནས་སྤོས་མང་ཚོགས་ཀྱི་བསམ་བློའི་སློབ་གསོའི་ལས་དོན་ཞིབ་ཚགས་དང་། གཏིང་ཟབ། ཞིབ་ཕྲ་བཅས་ཀྱི་སྒོ་ནས་བསྒྲུབས་ཏེ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས། སྤྱོད་གཙང་རང་འདོམས་ཀྱི་རྩ་བ་དེ་དམ་པོར་བཟུང་ནས་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་རེ་རེ་བཞིན་དོན་འཁྱོལ་བྱེད་པ་དང་། མ་དངུལ་དང་། ཐོན་ཁུངས། རྒྱུ་ནོར་བཅས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་ཤུགས་ཆེ་རུ་གཏོང་བ། མཐའ་ཚད་བརྟན་པོར་སྲུང་བ་དང་དམར་ཐིག་ལས་མི་བརྒལ་བ་བྱས་ཏེ་འབྱུང་རྩ་ནས་འགག་གནད་སེལ་བ་དང་རུལ་སུངས་བཀག་འགོག་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་རིམ་པ་བཞིན་ནན་དུ་གཏོང་བ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་དཔེ་མཚོན་རང་བཞིན་དང་མཚོན་རྟགས་རང་བཞིན་སྔར་བས་འགན་ལེན་བྱེད་པ་བཅས་བྱས་ཏེ་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་དང་ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐུབ་པའི་དམངས་འཚོའི་འདུ་འགོད་སྤུས་རྟགས་ཤིག་ནུས་ཤུགས་ཡོད་རྒུས་གཏོད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།