དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལས་འགན་ཁག་བགོས་དོ་དམ་སྡེ་ཚན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-28

    ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱར་གཞིགས་ནས། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ལས་འགན་ཁག་བགོས་དོ་དམ་སྡེ་ཚན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་རྒྱུར་སྐུལ་འདེད་གཏོང་ཚུལ་གསན་པ་དང་འབྲེལ་དུས་མཚམས་རྗེས་མའི་གཙོ་གནད་ལས་འགན་ཞིབ་འཇུག་བྱས་ནས་བཀོད་སྒྲིག་ཀྱང་གནང་བ་རེད། 

    ལས་འགན་ཁག་བགོས་དོ་དམ་སྡེ་ཚན་གྱི་ལས་དོན་སྙན་སེང་ནན་ཏན་ངང་གསན་རྗེས་ཀྲོང་ཡན་གྱིས་ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་པོ་བསྟར་རྒྱུ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དོན་ལ་བབས་ས་ཞིག་ཡིན་པས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར་བཅས་ཀྱི་གྲུབ་འབྲས་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་སྒྱུར་བཀོད་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་པོ་བསྟར་དགོས་པའི་མཛུབ་སྟོན་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བརྟན་པོ་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དེ་ཉམས་མྱོང་ཕྱོགས་སྡོམ་དང་། དོན་དངོས་ལ་ཞིབ་རྟོགས། ལས་དོན་ལ་སྐུལ་འདེད་བཅས་དང་ཟུང་འབྲེལ་དང་དོན་དངོས་ཀྱི་གནད་དོན་ཐག་གཅོད་དང་ཟུང་འབྲེལ་བྱས་ནས། འགག་སྒྲོལ་དཀའ་སེལ་ཐད་བདེན་དོན་མངོན་པ་དང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པའི་ཁྲོད་ཕན་འབྲས་དངོས་དོན་གཉེར་བྱས་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ཏང་ཡོན་ལས་བྱེད་པས་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ། འགན་འཁྲི་འཁུར་ཕོད་པ་བྱས་རྗེས་འཇོག་པའི་ཐད་འགོ་གསར་པ་འཛུགས་པ་དང་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས་ཏང་གཤིས་ལ་ཞུན་བརྡར་སྤྲོས་པའི་ཐད་ཤུགས་བརྒྱབ་ནས་ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ནན་པོ་སྲུང་བ། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ། ཆབ་སྲིད་ཀྱི་ཀུན་སྤྱོད་ལ་ཞུན་བརྡར་སྤྲོས་པ། རང་གཅུན་ནན་པོ་བྱེད་པ། གསོན་ཤུགས་ནམ་ཡང་འཕེལ་བ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་ཏང་གཤིས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་དང་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ་ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། དམངས་ལ་ཞབས་འདེགས་ཞུ་བའི་ཐད་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱས་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་སྟེ“ཁ་ཚ་དགོས་གཏུགས་དང་། དཀའ་གནད། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པ། ཏང་གི་རྩ་དོན་ལག་བསྟར་དང་དམངས་ལ་ཞབས་འདེགས་ཞུ་བའི་ཐད་སེམས་ནུས་འདོན་རྒྱུ་མཐའ་འཁྱོངས་བྱས་ཏེ་གསལ་ཐོའི་དོ་དམ་ལག་བསྟར་དང་། ཏང་ཨུད་ཀྱིས་ཁ་གསལ་བཟོས་པའི་ལྟེ་བའི་ལས་འགན་དང་། མིག་སྔའི་མངོན་གསལ་དོད་ཤོས་ཀྱི་གནད་དོན། གནད་དོན་ཐག་གཅོད་ཀྱི་ཕུགས་ཕན་ལམ་སྲོལ། གཞི་རྩའི་བྱ་སྤྱོད་བཅས་ཀྱི་གསལ་ཐོ་བཟོ་བ་དང་དོན་འཁྱོལ་བྱས་ནས་གནད་དོན་གནད་སྨིན་དང་། ལས་འགན་ཁ་གསལ། བྱ་ཐབས་དངོས་འཛིན་དངོས་སྒྲུབ། དོན་འཁྱོལ་ལ་འགན་འཁྲི་ཡོད་པ། ལེགས་སྒྲུབ་ལ་དུས་བཀག་ཡོད་པ་བཅས་བྱེད་དགོས་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱས་ནས་སྡེ་ཚན་ཁག་གིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ལག་བསྟར་བྱེད་པའི་སྲོག་ཤིང་ནི་དངོས་སྒྲུབ་ཡིན་པར་གོ་བ་གཏིང་ཟབ་བླངས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ལས་འགན་གསེད་བཀྲོལ་དང་འགན་འཁྲི་གཙོ་བོ་དང་ལས་དོན་གཙོ་བོར་དམིགས་ནས་ཏང་འཛུགས་སྐྱོང་ལ་བརྟེན་ཏེ་དངོས་སྒྲུབ་ལ་དམ་འཛིན་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་ཀྱིས་འཕེལ་རྒྱས་ཀྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་བ་དང་འཕེལ་རྒྱས་ཀྱི་ལེགས་ཆ་དེ་བས་ཡོད་པར་བྱས་ཏེ་ཏང་དང་མི་དམངས་ལ་ངོ་མི་གནོང་བ་དང་ལོ་རྒྱུས་དང་དུས་རབས་ལ་ངོ་མི་གནོང་བའི་ལས་རྗེས་གསར་པ་ཧུར་ཐག་འཇོག་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།