དབུ་ཤོག>སྲིད་དོན།
  • ཅང་ཅེས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བརྟག་དཔྱད་དང་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-27

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་། གཙུག་ལག་ཁང་། ལྷ་ཉིང་མྱུར་བགྲོད་གཞུང་ལམ་ཞིབ་བཤེར་ས་ཚིགས་བཅས་སུ་ཕེབས་ནས་གཙོ་གནད་འདུ་གནས་དང་། གཙོ་གནད་ཁུལ། འགག་རྩའི་ལྷུ་ཚིགས་བཅས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ལྷན་དུ་ཞིབ་བཤེར་གནང་བར་ཕེབས་པ་རེད།

    རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་ཅང་ཅེས་ཚོད་ལྟ་ཁང་གི་ཞིབ་དཔྱད་མི་སྣ་དང་གླེང་མོལ་གཏིང་ཟབ་གནང་སྟེ་ཏོག་གསར་གློ་ཚད་ཀྱི་ནད་དུག་ཞིབ་དཔྱད་བརྒྱུད་རིམ་དང་མི་སྣ་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། མིག་སྔའི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས“སྔ་པོ་བཞིའི”འདུ་ཤེས་བཙུགས་ནས་ནད་ཡམས་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་རྒྱག་པ་དང་། ནད་དུག་གི་ཁྱད་ཆོས་དང་མི་འབོར་འགྲོ་རྒྱུག་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཐོག་བསམ་གཞིག་བྱེད་པ། སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་རང་འགུལ་རང་བཞིན་དང་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ། འཕྲལ་སྡོམ་སྔོན་འགོག་དང་ཚོད་འཛིན་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་རེད།

    ལྷ་ཉིང་མྱུར་བགྲོད་གཞུང་ལམ་གྱི་ཞིབ་བཤེར་ས་ཚིགས་སུ། ཅང་ཅེས། ཞིབ་བཤེར་ས་ཚིགས་ནི་ལྷ་ས་གྲོང་ཁུལ་དུ་འགྲོ་འོང་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་དང་། འགྲུལ་བཞུད་ཆེ་བ་དང་། མི་སྣ་འདུ་འཛོམས་ཆེ་བ། སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་དཀའ་ཚེགས་ཆེ་བ་བཅས་ཡོད་པས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཉེན་ཁ་སྔོན་འགོག་དང་སེལ་ནུས་ཆེ་རུ་གཏོང་བ། “ནན་འགོག”དང“དམངས་ཕན”གཅིག་གྱུར་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་དུག་སེལ་དང་། རྟགས་བཤེར། ཚ་བ་བརྟག་པ། ཁ་རས་རྒྱག་པ་སོགས་ཀྱི་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲ་བ་ཚགས་ཚུད་པོ་ཡོང་བ་དང་དམངས་ཕན་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམ་འཛིན་བྱེད་དགོས་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།