དབུ་ཤོག>སྲིད་དོན།
  • ཧོ་ཝུན་ཧའོ་ཡིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་གླིང་ཕྲན་གཉིས་མངགས་གཏོང་ཁང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-24

     ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་སྲིད་ཁྲིམས་དཔུང་ཁག་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཧོ་ཝུན་ཧའོ་གཞི་རིམ་ཏང་འཛུགས་སྐྱོང་གི་འབྲེལ་གཏུག་ས་ཚིགས་ཏེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་གླིང་ཕྲན་གཉིས་མངགས་གཏོང་ཁང་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    ཧོ་ཝུན་ཧའོ་སྔ་རྗེས་སུ་མངགས་གཏོང་ཁང་དེའི་གྱོད་སྒྲུབ་ཁུལ་དང་ཐེམ་ཐོ་ཚོགས་ཆུང་དུ་ཕེབས་ནས་ཁྲིམས་འཛིན་ནན་པོ་དང་། ཁྲིམས་འཛིན་ཚད་ལྡན། དམངས་ལ་བྱ་བ་དངོས་སྒྲུབ་པ་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། བསམ་འཆར་བསྡུ་ལེན་གྱིས་བཞུགས་མོལ་ཚོགས་འདུ་ཡང་འཚོགས་ཏེ། གཞི་རིམ་མི་དམངས་ཉེན་རྟོག་པ་དང་། ཁོངས་གཏོགས་ཁུལ་གྱི་ཚོང་དུད་ཀྱི་འཐུས་མི། མང་ཚོགས་ཀྱི་འཐུས་མི། སྡེ་ཁུལ་གྱི་འཐུས་མི་བཅས་གདན་ཞུ་བྱས་ནས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ཁག་དང་པོའི་གནད་དོན་དག་ཐེར་བྱས་ཚུལ་དང་། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ” གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ཐད་སྤེལ་རེས་གཏམ་བཤད་བྱས་པ་རེད།

    གཏམ་བཤད་གསན་རྗེས་ཧོ་ཝུན་ཧའོ་ཡིས་ཉེན་རྟོག་པའི་སྟོབས་ཤུགས་ལ་ཚད་བཀག་ཡོད་ཀྱང་དམངས་ཀྱི་སྟོབས་ཤུགས་ནི་ཟད་མཐའ་མེད་པ་ཞིག་ཡིན་པས། སྲིད་ཁྲིམས་ལས་དོན་སྒྲུབ་སྐབས་སྲིད་ཁྲིམས་དམངས་ཀྱི་ཆེད་དུ་ཡིན་པ་མཐའ་འཁྱོངས་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལ་དམ་པོར་བརྟེན་ཏེ། མཉམ་འགོག་མཉམ་བཅོས་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཧོ་ཝུན་ཧའོ་ཡིས་རྒྱ་ཆེའི་ལས་བྱེད་ཉེན་རྟོག་པ་ཚོས་བསམ་བློའི་འཁྱེར་སོ་ལེགས་སུ་བཏང་ནས་དམིགས་ཡུལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་མང་ཚོགས་དང་འབྲེལ་བ་ཟབ་མོ་བྱེད་པ་སོགས་ཀྱི་ཐད་མིག་དཔེ་བཏོན་ནས། “མང་ཚོགས་བློ་ཡིད་ཚིམ་མིན”དེ་ལས་དོན་གྱི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་པའི་ཚད་གཞིར་བརྩི་དགོས། ཁྲིམས་འཛིན་ཚད་ལྡན་དང་ཁྲིམས་ལྟར་ཁྲིམས་འཛིན་བྱས་ནས་སྡེ་ཁུལ་བཅོས་སྐྱོང་གི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་དགོས། དུས་བསྟུན་འཕེལ་རྒྱས་ཡོང་བ་བྱས་ཏེ། གཞི་རིམ་གྱི་སྲིད་ཁྲིམས་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས། ཞིབ་ཚགས་ཐད་ཤུགས་མང་ཙམ་རྒྱག་པ་དང་མང་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། མང་ཚོགས་གཞི་རིམ་གྱི་དུས་བདེ་འཛུགས་སྐྱོང་ནང་ཞུགས་པའི་ཐབས་ལམ་ཡངས་སུ་བཏང་ནས་གནད་དོན་བཅོས་སྐྱོང་ལ་ཤུགས་སྣོན་དང་ལམ་ལུགས་དང་ལམ་སྲོལ་འཛུགས་སྐྱོང་སོགས་ཀྱི་ཐད་ཐབས་དང་ཇུས་བཏོན་ཏེ། མཉམ་སྐྲུན་དང་། མཉམ་སྐྱོང་། མཉམ་བཅོས་བཅས་ཀྱི་རྣམ་པ་ཞིག་ཆགས་པར་བྱས་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།