དབུ་ཤོག>སྲིད་དོན།
  • ཅང་ཅེས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-18

    ཚེས་14ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་སྙན་སེང་གསན་པ་དང་འབྲེལ། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གྱི་གུང་གསེང་རིང་དང་མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་པ་རེད།

    ཅང་ཅེས། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་ཞིབ་ཚགས་འོག་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ཉེ་དུས་ཀྱི་བྱེད་སྒོ་གལ་ཆེན་ཁག་ཕུན་སུམ་ཚོགས་པའི་ངང་ལེགས་སྒྲུབ་བྱས་ཡོད། འོན་ཀྱང་། མིག་སྔར་ཕྱི་རྒྱལ་དུ་རིམས་ནད་ཐོན་མང་བ་དང་རྒྱལ་ནང་དུ་རིམས་ནད་གློ་བུར་དུ་ཐོན་གྱི་ཡོད་པ་དང་། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གྱི་གུང་གསེང་འཆར་ཉེར་ཡོད་པ་དང་བསྟུན་ནས་མི་སྣ་འགྲོ་འོང་ཡང་མང་དུ་འགྲོ་བས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཉིན་བཞིན་རྙོག་འཛིང་དང་ཛ་དྲག་པོ་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་འཕྱུག་པ་གཏན་ནས་མེད་པའི་བསམ་བློའི་འགོག་སྲུང་འཛིང་རགས་མཐའ་གཅིག་ཏུ་བརྟན་དུ་གཏོང་བ་དང་། བསམ་བློའི་མཐའ་ཚད་དང་སེམས་ཁྲལ་གྱི་འདུ་ཤེས་འཛུགས་པ། ཉེ་དུས་རྒྱལ་ནང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་དང་བསླབ་བྱ་དང་ལེན་གཏིང་ཟབ་བྱེད་པ། བག་གཡེང་གི་བསམ་བློ་དང་སྟབས་ལེགས་ཀྱི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། ལས་ཀའི་བྱེད་ཐབས་ལ་སྔར་བས་ཤུགས་སྣོན་རྒྱག་པ། རྩ་འཛུགས་ཀྱི་འགོ་ཁྲིད་དང་ལྟ་སྐུལ་སློབ་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལས་སླ་པོར་བྱུང་བ་མིན་པའི་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།