དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་སྡེ་ཚོཌ་ལྗོངས་ཨུ་ལྷན་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-18

    ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། ཚེས་16ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་སྡེ་ཚོཌ་ལྗོངས་ཨུ་ལྷན་དུ་ཕེབས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་གཞུང་དོན་ཁང་གི་ཐོག་སོ་དང་པོའི་ཚོམས་ཆེན་དུ། ཀྲོང་ཡན་གྱིས་བུད་མེད་ཀྱི་མི་རིགས་ལག་ཤེས་བཟོ་རྩལ་གྱི་རྩལ་ནུས་གསོ་སྦྱོང་གི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཞིང་། གྲུབ་འབྲས་འགྲེམས་སྟོན་ཐོག་བཤམས་པའི་མི་རིགས་ལག་ཤེས་བསླས་འཐག་དང་དངུལ་ཆས་སོགས་འགྲེམས་རྫས་ཆེ་གྲས་5ཚང་མ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་ནས་གཉེར་བའི་ལག་ཤེས་ཐོན་རྫས་བཟོ་བའི་གསོ་སྦྱོང་བྱས་རྗེས་ཀྱི་བུད་མེད་ཀྱིས་བཟོས་པ་ཤ་སྟག་རེད། “བུད་མེད་ཀྱི་ཁྱིམ་གཞིས”སུ། རྫོང་རྒྱབ་ཀླུ་ཁང་གི་རྒན་རྒོན་ལུས་སྦྱོང་སྒོར་གཞས་རུ་ཁག་གི་རུ་མི་ནང་སྦྱོང་བྱེད་བཞིན་ཡོད་པ་དང་། ལོ་60ལ་སླེབས་པའི་མིག་དམར་མཚམས་གཅོད་ཀྱིས་ང་རྟག་ཏུ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་བྱེད་སྒོ་ཁག་ནང་ཞུགས་ཀྱི་ཡོད། རྒན་ཡོལ་ཞུས་རྗེས་ཀྱི་འཚོ་བ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ཅེས་ཞུས་པ་གསན་རྗེས་ཀྲོང་ཡན་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་རྒྱ་ཆེའི་བུད་མེད་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་རྒྱུ་ནི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་རྩ་བའི་ལས་འགན་ཞིག་རེད། 

    རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ཏེ་ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་སྤེལ་ཏེ་དངོས་དངོས་རྗེན་རྗེན་གྱི་ཞབས་ཞུ་བརྒྱུད་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་གནང་ལུགས་རྒྱ་ཆེའི་བུད་མེད་ཚོའི་སེམས་ནང་ཟུག་པར་བྱས་ནས་བུད་མེད་ཀྱི་ལས་དོན་རྒྱུན་དུ་སྒྲུབ་པ་དང་གསོན་ཤུགས་ཀྱིས་ཁེངས་པར་བྱེད་དགོས་ཞེས་གསུངས་པ་རེད།

    སྡེ་ཚོགས་ལྗོངས་ཨུ་ལྷན་གྱིས་མ་དངུལ་སྒོར་ཁྲི་1000བརྩོན་ལེན་བྱས་པ་དེ་དག་རང་ལྗོངས་ཀྱི“ལྷན་སྐྱེས་སྙིང་ནད”ཕོག་པའི་གཞོན་ནུ་ལོ་ཆུང་སྨན་རིན་མི་དགོས་པར་སྐྱོབ་བཅོས་བྱེད་པའི་ལས་དོན་ཐད་སྤྱད་པ་མཁྱེན་སྐབས་ཀྲོང་ཡན་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས“ལྷན་སྐྱེས་སྙིང་ནད”ཕོག་པའི་གཞོན་ནུ་ལོ་ཆུང་སྨན་རིན་མི་དགོས་པར་སྐྱོབ་བཅོས་བྱེད་པའི་ལས་དོན་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”བྱ་བ་དངོས་13གྱི་གྲས་ཤིག་ཡིན་ལ། ང་ཚོས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས་དམངས་ལ་ཞབས་འདེགས་ཞུ་བའི་ཐད་ལས་དོན་འཕྲལ་དུ་བསྒྲུབས་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཀྱང་ཡིན་པས། སྡེ་ཚོགས་ལྗོངས་ཨུ་ལྷན་གྱིས་བྱ་བ་དངོས་ཡག་པོ་དང་ཏན་ཏིག་བསྒྲུབས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་སྔར་བས་གཏིང་ཟབ་ཚོར་བ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

    བརྟག་ཞིབ་གནང་རིང་ཀྲོང་ཡན་གྱིས། ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ནི་ཏང་གི་ལས་དོན་ཧ་ཅང་གལ་ཆེན་ཞིག་རེད། རིམ་ཁག་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་པ་དང་བསམ་བློའི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱེད་པའི་ཁྲོད་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་ནུས་པ་འདོན་སྤེལ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་རྒྱ་ཆེའི་མི་དམངས་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།