དབུ་ཤོག>སྲིད་དོན།
  • ཆེ་དགྲ་ལྷ་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(ལྗོངས་སྲིད་འཛིན་སློབ་གླིང)2021ལོའི་སྟོན་དུས་སློབ་དུས་ཀྱི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་ཕེབས་ནས་ཟུར་ཁྲིད་སྙན་ཞུ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-18

    ཚེས་15ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས“གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས”ཞེས་བརྗོད་དོན་གཙོ་བོར་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(ལྗོངས་སྲིད་འཛིན་སློབ་གླིང)2021ལོའི་སྟོན་དུས་སློབ་དུས་ཀྱི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་ཟུར་ཁྲིད་སྙན་ཞུ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    སྙན་ཞུའི་ཚོགས་འདུའི་ཐོག ཆེ་དགྲ་ལྷས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་དང་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུར་དམ་པོར་དམིགས་ནས། སློབ་སྦྱོང་གི་མྱོང་ཚོར་དང་ཟུང་འབྲེལ་གྱིས། “བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལྟ་སྟངས་ཇི་ལྟར་འཛིན་པ་དང་ཇི་ལྟར་བྱེད་དགོས་པ”གཙོ་གནད་དུ་བཟུང་སྟེ། “བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་དཀྲིས་པའི་ལོ་རྒྱུས་རང་བཞིན་གྱི་ལས་འགན་ཆེན་པོ་གཉིས་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དབར་གྱི་རྩོད་སྒྲུབ་ཀྱི་གཅིག་གྱུར་འབྲེལ་བ་ཚན་རིག་དང་མཐུན་པའི་ངང་སྟངས་འཛིན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ”སོགས་ནས། ཚང་མར་རྒྱལ་སྤྱི་དང་རྒྱལ་ནང་ཕན་ཚུན་གཅིག་འདོམས་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་ཕན་ཚུན་འབྲེལ་གཏུག གཞི་ཆེ་དང་གཞི་ཆུང་ཕན་ཚུན་ཟུང་འབྲེལ་བཅས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་། གཏིང་ཟབ་པ། འཁྲུག་ཆ་དོད་ལ་གསོན་ཉམས་དོད་པ་བཅས་ཀྱི་ཟུར་ཁྲིད་སློབ་ཚན་ཞིག་ཁྲིད་གནང་བ་རེད།

    ཆེ་དགྲ་ལྷས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་གནང་བའི་ལོ་རྒྱུས་རང་བཞིན་གྱི་ལས་འགན་ཆེན་པོ་གཉིས་ནི་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་བོད་ཀྱིས་ཕྲག་ཐོག་ཏུ་འཁུར་བའི་ལས་འགན་དང་འགན་འཁྲི་ལྕི་པོ་དེ་ཡིན། དེས་ན་ང་ཚོས་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས། ཞིང་འབྲོག་པའི་ཡོང་བབ་མང་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་ཐད་ཤུགས་བརྒྱབ་སྟེ་ཐུན་མོང་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ངེས་པར་དུ་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་རླུང་ཡིན་ཡང་གསེར་དངུལ་རི་ཞེས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྐྱེ་ཁམས་ཀྱི་དམར་ཐིག་བརྟན་པོ་སྲུང་བ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པ། སྐྱེ་ཁམས་རིན་ཐང་གཞན་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལྗང་མདོག་སྐྱེ་ཁམས་ཀྱི་ཁྱིམ་གཞིས་རྒྱུན་མཐུད་ཡག་པོ་སྲུང་དགོས་པ། ངེས་པར་དུ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། “3+4”ཐོན་ལས་ཐད་མུ་མཐུད་ལས་དོན་ཡག་པོ་བསྒྲུབས་ཏེ“སའི་གོ་ལའི་སྣེ་གསུམ་པའི”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཧུར་ཐག་གཏོད་དགོས་པ། ངེས་པར་དུ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཡག་པོ་བསྐྲུན་ནས་འཕེལ་རྒྱས་ཀྱི་བར་མཐོངས་རྒྱུན་མཐུད་སྣུར་བསྲིང་བྱེད་དགོས་པ། ངེས་པར་དུ་སྤྱི་པའི་ཞབས་ཞུའི་ཞན་ཆ་བསལ་ནས། ལས་ཞུཌ་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འགན་བཅོལ། རྒན་གསོ། བུ་བཅོལ། སྡོད་ཁང་སོགས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོའི་ཐོབ་སྣང་དེ་བས་ཆེ་བ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་ཡོང་བ་བཅས་བྱེད་དགོས་པ། ཏང་གི་འགོ་ཁྲིད་ལས་ཀའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། ཏང་གཤིས་ཞུན་བརྡར་ཐད་ཤུགས་རྒྱག་པ་དང་། དམངས་ལ་ཞབས་འདེགས་ཞུ་རྒྱུའི་ཐད་ཤུགས་རྒྱག་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཤུགས་རྒྱག་པ་བཅས་བྱས་ཏེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུ་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།