དབུ་ཤོག>སྲིད་དོན།
  • ཝུའུ་དབྱིང་ཅེ་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(ལྗོངས་སྲིད་འཛིན་སློབ་གླིང)2021ལོའི་སྟོན་དུས་སློབ་དུས་ཀྱི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-17

    1078364_yis_1631808000000_s.jpg

    ཟླ་9ཚེས་15ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(ལྗོངས་སྲིད་འཛིན་སློབ་གླིང)2021ལོའི་སྟོན་དུས་སློབ་དུས་ཀྱི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཚང་མར་ཏང་གི་སློབ་ཚན་འཁྲིད་གནང་བ་རེད། 

    ཚེས་15ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(ལྗོངས་སྲིད་འཛིན་སློབ་གླིང)2021ལོའི་སྟོན་དུས་སློབ་དུས་ཀྱི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཚང་མར་ཏང་གི་སློབ་ཚན་འཁྲིད་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་བཅས་ཡིན་པའི་ཀྲོང་ཡན་གྱིས་གཙོ་སྐྱོང་གནང་ཞིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལིའུ་ཅང་དང་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ་རེད།

    ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོར་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་བ་དང་དུས་རབས་གསར་པར་འགན་འཁྲི་འཁུར་ཕོད་པ་བྱེད་པའི་ཐད་བླང་བྱ་ཁག་དྲུག་བཏོན་གནང་བ་སྟེ།

    གཅིག་ནས“དད་སེམས་བརྟན་པོ་དང་ཏང་ལ་བློ་དཀར་སེམས་དཀར”བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་སློབ་སྦྱོང་དང་གོ་བ་ཏན་ཏིག་བླངས་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་ཧ་ཅང་བརྟན་པའི་མིག་དཔེ་འདོན་དགོས་ཤིང་། རང་རྟོགས་ངང་ཏང་གི་ལོ་བརྒྱའི་ལོ་རྒྱུས་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་རྒྱུས་ཁྲོད་ནས། དད་སེམས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་རྒྱུ་ཆགས་ས་བརྟེན་ས་གཙོ་བོར་བརྩི་བ་དང་། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་རྒྱུ་དེ་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་ཚད་གཞི་མཐོ་ཤོས་སུ་བརྩི་བ། བྱ་སྤྱོད་ཐད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་མིག་ལྟོས་ཀྱི་ཕན་འབྲས་ལ་ཞིབ་དཔྱད་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཚིག་ཐག་གཅིག་ཆོད་དང་གཙོ་བོ་གཅིག་ངེས་ཀྱི་དབང་གྲགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་པ་དང་།

    གཉིས་ནས“དོན་དངོས་ལ་སྣང་ཆེན་དང་དངོས་ཐོག་བདེན་འཚོལ”བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་སློབ་སྦྱོང་དང་གོ་བ་ཏན་ཏིག་བླངས་ནས་བློ་བརྟན་འགྱུར་མེད་ངང་དམ་པ་དོན་གཉེར་དང་དངོས་ཕན་དོན་གཉེར་གྱི་མིག་དཔེ་འདོན་དགོས་ཤིང་། དུས་དང་རྣམ་པ་ཀུན་ཏུ་དངོས་ཐོག་བདེན་འཚོལ་སེམས་ལ་བརྟན་པོར་འཆང་བ་དང་། བྱ་སྤྱོད་ཐོག་འཁྱོལ་བ། ལས་དོན་ཁག་གི་ཁྲོད་དུ་ཁྱབ་པ་བཅས་བྱེད་པ་དང་། གཞི་རིམ་དུ་རྟོག་ཞིབ་ལ་མང་ཙམ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། གཞི་རིམ་གྱི་འཐབ་ས་དང་པོར་ཚུགས་ཐུབ་པ། སྐད་ཆ་དྲང་པོ་ཉན་པ་དང་གནས་ཚུལ་དངོས་ལ་རྟོག་ཞིབ་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་དང་། “ཚང་དགོས་པ་བཞི་དང་ཕན་འདོགས་པ་གཅིག”ལག་བསྟར་དོན་འཁྱོལ་བྱེད་རིང་འཕྲད་པའི་ཐག་གཅོད་བྱེད་དགོས་པའི་གཙོ་གནད་གནད་དོན་ལ་ཞིབ་འཇུག་གཏིང་ཟབ། ལས་དོན་གྱི་བྱེད་ཐབས་གསར་གཏོད་། ལས་དོན་ལ་རྣམ་པ་གསར་པ་གཏོད་པ་བཅས་བྱེད་དགོས་པ།

    གསུམ་ནས“འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་མཁས་པ”བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་སློབ་སྦྱོང་དང་གོ་བ་ཏན་ཏིག་བླངས་ནས་བློ་བརྟན་འགྱུར་མེད་ངང་འགན་འཁྲི་སེམས་ལ་ཟུག་པ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ། འགན་འཁྲི་ལག་ལེན་བསྟར་བ་བཅས་ཀྱི་མིག་དཔེ་འདོན་དགོས་ཤིང་། ཐོག་མཐའ་བར་གསུམ་དུ“དུས་ཚོད་ཀྱིས་མི་མི་སྒུག་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི”དགོས་གཏུགས་ཀྱི་བསམ་པ་འཆང་བཞིན“བྱས་འབྲས་ཐོབ་པར་ངས་མི་རྩོད”དང“བྱས་རྗེས་འཇོག་པར་ང་ཡིས་འབད”ཅེས་པའི་འགན་འཁྲི་འཁུར་བའི་སྙིང་སྟོབས་སྐྱེད་སྲིང་གང་ཐུབ་བྱས་ཏེ། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་ཆེན་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས” “ལམ་གཉིས”ཀྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། མཚོ་རྩིས་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བ་བཅས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་སྐྱོབ་དང་། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་ཡོང་བ་བཅས་ཀྱི་འགན་འཁྲི་ཧུར་ཐག་ཁུར་ནས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་མཁས་པའི་ཕུལ་བྱུང་གི་གཤིས་རྒྱུད་གང་ལེགས་མངོན་དགོས་པ།

    བཞི་ནས“རྩ་དོན་མཐའ་འཁྱོངས་དང་འཐབ་རྩོད་བྱེད་ཕོད་པ”བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་སློབ་སྦྱོང་དང་གོ་བ་ཏན་ཏིག་བླངས་ནས་བློ་བརྟན་འགྱུར་མེད་ངང་ཡིན་མིན་ཆེན་པོ་གསལ་འབྱེད་ཐུབ་པ་དང་ལངས་ཕྱོགས་ཧ་ཅང་བརྟན་པའི་མིག་དཔེ་འདོན་དགོས་ཤིང་། ཡིན་མིན་ཆེན་པོའི་མདུན་དུ་དར་ཆ་གསལ་སྟོན་དང་། དཀའ་ཉེན་སྣ་ཚོགས་མདུན་དུ་གང་ལའང་མི་སྐྲག་པ། བསླུ་བྲིད་སྣ་ཚོགས་ཀྱི་མདུན་དུ་ལངས་ཕྱོགས་བརྟན་པ། རྩ་དོན་གྱི་གནད་དོན་ཐད་གོམ་པ་གང་ཡང་ཕྱིར་བཤོལ་མི་རྒྱག་པ་དང་ས་ཆ་སོར་གང་ཡང་མི་གློད་པ། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་མུ་མཐུད་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ། གནས་ཚུལ་ཚབས་ཆེན་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ། ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་གྲལ་བཤེར་གཏིང་ཟབ་བྱེད་པ། མང་ཚོགས་ཀྱི་ལས་དོན་ཏན་ཏིག་ངང་སྒྲུབ་པ། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས། “ཚད་གཞི་བཞི”དང“ཕན་པ་ལྔའི”བླང་བྱ་མཐའ་འཁྱོངས་ཀྱིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དར་ཆ་གསལ་སྟོན་གྱི་སྒོ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་ནས་ཐོན་པའི་ཤུགས་རྐྱེན་ངན་པ་མེད་པ་བཟོས་ཏེ། དད་ལྡན་མང་ཚོགས་ལ་ཡ་རབས་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་འཇགས་པ་དང་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བར་ཁྲིད་སྟོན་བྱས་ནས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ།

    ལྔ་ནས“སྒྲིག་ལམ་ནན་སྲུང་དང་མཐའ་ཚད་ལས་མི་བརྒལ་བ”བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་སློབ་སྦྱོང་དང་གོ་བ་ཏན་ཏིག་བླངས་ནས་བློ་བརྟན་འགྱུར་མེད་ངང་སྤྱོད་གཙང་གཞུང་དྲང་གི་མིག་དཔེ་འདོན་དགོས་ཤིང་། སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། རང་རྟོགས་ངང་སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་ལ་འཇོག་པ་དང་། གཞུང་དང་སྒེར་དང་། དྲང་བདེན་དང་ཁེ་ཕན། གཉེན་ཉེ་དང་སྤྱོད་གཙང་། གྲོན་ཆུང་དང་རྒྱས་སྤྲོས། དཀའ་སྡུག་དང་སྤྲོ་སྐྱིད་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། གུས་སྐྲག་ཤེས་པ་དང་། འཇིགས་སྣང་ཡོད་པ། མཐའ་ཚད་སྲུང་བ། ཏང་ལ་གུས་སྐྲག མི་དམངས་ལ་གུས་སྐྲག སྒྲིག་ཁྲིམས་ལ་གུས་སྐྲག་བཅས་བྱེད་དགོས་པ།

    དྲུག་ནས“དཀའ་སྤྱད་སྦྱོང་བརྡར་དང་འཇོན་ཐང་ཆེར་གཏོང”བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་སློབ་སྦྱོང་དང་གོ་བ་ཏན་ཏིག་བླངས་ནས་བློ་བརྟན་འགྱུར་མེད་ངང་འཇོན་ཐང་ཆེ་བའི་མིག་དཔེ་འདོན་དགོས་ཤིང་། ཤེས་རྒྱ་ཆུང་བའི་དངངས་འཚབ་དང་འཇོན་ཐང་མེད་པའི་དངངས་འཚབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཡུན་རིང་སློབ་སྦྱོང་དང་། རྒྱུན་མཐུད་སློབ་སྦྱོང་། རྟག་ཏུ་སློབ་སྦྱོང་བཅས་དང་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་བསམ་ཕྱོགས་ཇུས་འགོད་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་དུ་འགྱུར་བ་བྱས་ནས་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཁ་ཕྱོགས་ཡོད་པ་དང་། དཀའ་ངལ་འཕྲད་སྐབས་བྱ་ཐབས་ཡོད་པ། རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་པའི་ཐད་གདེང་ཚོད་ཡོད་པ་བཅས་ཀྱི་འགན་ལེན་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།