དབུ་ཤོག>སྲིད་དོན།
  • ཧོ་ཝུན་ཧའོ་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ཁག་གཉིས་པའི་སྲིད་ཁྲིམས་ཀྱི་དཔའ་བོ་དཔེ་བཟང་བའི་བྱས་རྗེས་སྙན་ཞུའི་ཚོགས་འདུར་ཞུཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-16

    ཚེས་14ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ཁག་གཉིས་པའི་སྲིད་ཁྲིམས་ཀྱི་དཔའ་བོ་དཔེ་བཟང་བའི་བྱས་རྗེས་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་བཞི་པའི་ཙུའུ་ཀྲང་གཞོན་པ་སུན་རུའེ་པེའོ་ཚོགས་འདུར་ཞུགས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། 

    ཧོ་ཝུན་ཧའོ་ཡིས་དཔའ་བོ་དཔེ་བཟང་བའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་ནི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི“ལས་འགན་བཞིའི”གྲས་ཤིག་རེད། མིག་དཔེའི་སྟོབས་ཤུགས་བསྡུ་ལེན་བྱེད་པར་ཉེ་འགྲམ་གྱི་མིག་དཔེར་སློབ་སྦྱོང་བྱེད་མཁས་པོ་བྱས་ནས་ཏང་དང་མི་དམངས་ཀྱིས་ཡིད་ཆེས་རུང་བ་དང་བློས་འགེལ་ཆོག་པའི་ས་མཐོའི་སྲིད་ཁྲིམས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་གསོ་སྐྱོང་བྱེད་དགོས། དཔའ་བོ་དཔེ་བཟང་བ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་སྔོན་ཐོན་ལ་སློབ་སྦྱོང་དང་། སྔོན་ཐོན་བརྩོན་ལེན། སྔོན་ཐོན་ལས་ཚད་བརྒལ་བཅས་ཀྱི་ཚ་རླབས་ཤིག་མྱུར་དུ་འཕྱུར་དགོས། དཔའ་བོ་དཔེ་བཟང་བའི་སྙིང་སྟོབས་སློབ་སྦྱོང་བྱེད་པའི་གྲུབ་འབྲས་དེ་སློབ་གསོ་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ལ་འགྱུར་བ་དང་སྲིད་ཁྲིམས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ནུས་ལྡན་ལ་འགྱུར་བ་བྱས་ནས། གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།