དབུ་ཤོག>སྲིད་དོན།
  • ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-16

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་ལྗོངས་ཀྱི་དམངས་འཚོའི་བྱ་བ་དངོས་13ཁྲོད་ཀྱི“གྲོང་ཁྱེར་གྱི་སྤང་ལྗོངས་སྤྱི་གླིང་དང་། སྤྱི་པའི་ལུས་རྩལ་སྒྲིག་བཀོད། སྒོ་དབྱེའི་ཆ་རྐྱེན་དང་མཐུན་པའི་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པ་སོགས་ཀྱི་ས་ཆ་དང་སྒྲིག་བཀོད་སྤྱི་ཚོགས་ལ་རིན་པ་མི་དགོས་པའམ་ཡང་ན་རིན་པ་དམའ་པོས་སྒོ་མོ་འབྱེད་པ་བཅས་ཀྱི”འབྲེལ་ཡོད་དོན་དག་ཡག་པོ་སྒྲུབ་པར་ཞིབ་འཇུག་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཅང་ཅེས་དམངས་འཚོར་དོན་ཆུང་མེད། སློབ་གསོའི་སྡེ་ཚན་གྱིས་བདེ་འཇགས་གཙོ་བོར་འཛིན་པ་དང་། སློབ་གསོ་དམིགས་སུ་འཛིན་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་འགོག་བཅོས་ལ་གཞིགས་པ། རིམ་དབྱེ་མཛུབ་ཁྲིད་དང་རིགས་དབྱེ་ཇུས་བསྟར། ཁ་ཆད་ལམ་ལུགས་་སོགས་ཀྱི་བྱེད་ཐབས་བཟོས་ནས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་དམངས་སེམས་ལས་གྲྭ་ཡིན་པའི་ལུས་རྩལ་ཐང་སྒོ་འབྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་གྱི་སྤང་ལྗོངས་མ་ལག་འཆར་འགོད་ཡག་པོ་བྱེད་པ་དང་། སྤྱི་གླིང་སྣ་ཚོགས་བཀོད་སྒྲིག་ལུགས་མཐུན་བྱེད་པ། གྲོང་ཁྱེར་གྱི་སྤང་ལྗོངས་སྤྱི་གླིང་འཛུགས་སྐྲུན་དང་སྒོ་འབྱེད་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རིམ་ཁག་སྲིད་གཞུང་གིས་གཏོགས་ཁོངས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ་འགན་འཁྲི་སྔར་བས་གསལ་བཟོ་དང་། བེད་སྤྱོད་བྱེད་སྟངས་གསར་གཏོད། འགྲོ་གྲོན་འགན་ལེན་ལུགས་མཐུན་བཅས་བྱས་ནས་རིན་མེད་ངང་སྒོ་འབྱེད་སྤྱི་གླིང་དོ་དམ་དང་སྲུང་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་དོ་དམ་བྱེད་མཁན་དང་དམ་འཛིན་བྱེད་མཁན་ཡོད་པ་བྱེད་དགོས། ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པས་སྣེ་འཁྲིད་དེ་སྤྱི་ཚོགས་ལ་རིག་གནས་དང་ལུས་རྩལ་གྱི་སྒྲིག་བཀོད་སྒོ་ཕྱེ་ནས་གྲོང་མིའི“ལྗང་མདོག་ཕན་བདེར”སྲུང་སྐྱོང་ཏན་ཏིག་དང་མང་ཚོགས་ཀྱི་ལུས་སྦྱོང་སྟབས་བདེའི་ཆ་རྐྱེན་ལེཌ་སུ་གཏོང་རྒྱུར་སྐུལ་ལྕག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།