དབུ་ཤོག>སྲིད་དོན།
  • ཆུ་བེད་པུའི་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཅུ་པ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-16

    1072461_yis_1631721600000_s.jpg

    ཉིན་ཤས་གོང་། ཆུ་བེད་པུས་ལྷ་སར་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཅུ་པ་འཚོགས་ནས“ལོ་ལྔ་ཚན་བཅུ་བཞི་པའི”ཆུ་བེད་བོད་སྐྱོར་ལས་དོན་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ཆུ་བེད་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ལི་གོ་དབྱིང་གིས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་རའི་རྣམ་པ་ཡིན་པ། 

    ཉིན་ཤས་གོང་། ཆུ་བེད་པུས་ལྷ་སར་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཅུ་པ་འཚོགས་ནས“ལོ་ལྔ་ཚན་བཅུ་བཞི་པའི”ཆུ་བེད་བོད་སྐྱོར་ལས་དོན་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ཆུ་བེད་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ལི་གོ་དབྱིང་གིས་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཤིས་ཚིག་སྒྲོན་པ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ལིའུ་ཅང་ཚོགས་འདུར་ཞུགས་པ། ཆུ་བེད་པུའི་པུའུ་ཀྲང་གཞོན་པ་ལིའུ་ཝུའེ་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཝུའུ་དབྱིང་ཅེས་ཆུ་བེད་བོད་སྐྱོར་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཡུན་རིང་ནང་། ཆུ་བེད་པུའུ་དང་རྒྱལ་ཡོངས་ཆུ་བེད་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བོད་སྐྱོར་ལས་དོན་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་དང་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ལ་བརྩིས་ནས། ཆུ་བེད་ཀྱི་བོད་སྐྱོར་སྲིད་ཇུས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་། བོད་སྐྱོར་ལས་དོན་གྱི་ལམ་སྲོལ་གསར་གཏོད་བྱས་པ། བོད་སྐྱོར་ལས་དོན་གྱི་ནང་དོན་གཏིང་ཟབ་ཏུ་བཏང་བ། སྲིད་ཇུས་དང་། མ་དངུལ། ཤེས་ལྡན་མི་སྣ་སོགས་ལ་དམིགས་བསལ་གཟིགས་སྐྱོང་གནང་བ། བོད་ཀྱི་ཆུ་བེད་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ཆ་རྐྱེན་ལེགས་སུ་ཤུགས་ཆེན་བཏང་ནས། ཞིང་འབྲོག་མང་ཚོགས་མང་པོ་ཞིག་གི་འཚོ་བ་ཆུ་ཟོམ་ནས་ཆུ་ཀ་ལའི་བར་དང་སྣུམ་སྒྲོན་ནས་གློག་སྒྲོན་བར་ཡར་རྒྱས་བྱུང་བ་དང་། དམངས་འཚོ་ལེགས་གཏོང་དང་། མི་སེམས་གཅིག་སྒྲིལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་བཅས་ཀྱི་ཐད་ཆུ་བེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། བོད་ཀྱི་ཆུ་བེད་གསར་སྤེལ་འཛུགས་སྐྲུན་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་དེ་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ལས་དོན་དང་འབྲེལ་བ་ཡོད་ལ། རྒྱལ་ཁབ་ཀྱི་ཆུའི་ཐོན་ཁུངས་བདེ་འཇགས་དང་། སྐྱེ་ཁམས་བདེ་འཇགས། ནུས་རྒྱུའི་བདེ་འཇགས་བཅས་དང་འབྲེལ་བ་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི“བདུན་གཅིག”གི་གསུང་བཤད་གལ་ཆེན་དང་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ནན་ཏན་དང་། སྤྱི་ཁྱབ་ཧྲུའུ་ཅིའི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་བཀོད་པའི་བརྗིད་ཆེའི་ཇུས་གཞི་ལྟར། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་བཞིན་ཡོད། ང་ཚོས“འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། “སྤྱི་ཡོངས་གཉིས”སེམས་སུ་འཆང་བ་དང“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་ངེས་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་དང་མཉམ་འདྲེས་བཅས་བྱས་ཏེ་ཆུ་བེད་ལས་དོན་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ། ཆུ་བེད་བོད་སྐྱོར་གྱི་ལེགས་ཆ་གང་ལེགས་སྤྱོད་པ་དང་ཁོར་ཡུག་བཟང་པོ་བཏོད་དེ་བོད་ཀྱི་ཆུ་བེད་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་ཀྱི་ཐོག་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ཏེ་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་ཐུབ་པ་བྱེད་ཀྱི་ཡིན། ཆུ་བེད་པུའུ་དང་རྒྱལ་ཡོངས་ཆུ་བེད་ཁོངས་གཏོགས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་ཆུ་བེད་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་རྣམ་གྲངས་བོད་སྐྱོར་དང་། ལག་རྩལ་བོད་སྐྱོར། ཤེས་ལྡན་མི་སྣའི་བོད་སྐྱོར། རིག་སྟོབས་བོད་སྐྱོར་བཅས་མུ་མཐུད་ཤུགས་ཆེར་བཏང་ནས་བོད་ཀྱི་ཆུ་བེད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

    ལི་གོ་དབྱིང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཆུ་བེད་པུས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་དཔལ་འབྱོར་བོད་སྐྱོར་དང་། ལག་རྩལ་བོད་སྐྱོར། ཤེས་ལྡན་མི་སྣའི་བོད་སྐྱོར། ཁ་གཏད་བོད་སྐྱོར་བཅས་ཀྱི་ལས་ཀའི་བཀོད་པ་ཧུར་ཐག་བཏོད་དེ། ཆུ་བེད་བོད་སྐྱོར་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་ལྗོངས་ཡོངས་ཀྱི་ཆུ་བེད་སྡེ་ཚན་དང་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་བོད་ཀྱི་ཆུ་བེད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།

    ལི་གོ་དབྱིང་གིས“ལོ་ལྔ་ཚན་བཅུ་བཞི་པའི”ཆུ་བེད་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཆུ་བེད་པུའི་ཆབ་སྲིད་ཀྱི་ལས་འགན་དང་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་རེད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་འཕྱུག་མེད་སྟངས་འཛིན་བྱེད་པར། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་ནས་འགོ་བཙུགས་ཏེ་ཆུ་བེད་བོད་སྐྱོར་ལས་དོན་གྱི་འཇུག་གཞི་དང་ཤུགས་རྒྱག་ས་གནད་འཁེལ་བཙལ་ནས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། དུས་མཚམས་གསར་པའི་བོད་ཀྱི་ཆུ་བེད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བར། ཆུ་བོ་འབབ་རྒྱུད་ཀྱི་ཆུ་ལོག་འགོག་སྲུང་ལས་གྲྭའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ཆུ་བེད་ལས་གྲྭ་གཙོ་བོ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། གཙང་པོ་དང་མཚོའི་སྐྱེ་ཁམས་སྲུང་སྐྱོང་བྱེད་པ། རིག་ལྡན་ཆུ་བེད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཆུ་གྲོན་ཆུང་གི་ལམ་ལུགས་དང་སྲིད་ཇུས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྒྲིག་སྲོལ་ལམ་སྲོལ་དང་ཁྲིམས་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཐོག བོད་ཀྱི་ཐན་ཞོད་འགོག་ནུས་དང་། ཆུའི་ཐོན་ཁུངས་ལེགས་བསྡུས་དང་གྲོན་ཆུང་སྤྱོད་ནུས། ཆུའི་ཐོན་ཁུངས་ལེགས་གཏོང་བཀོད་སྒྲིག་བྱེད་ནུས། གཙང་མཚོའི་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས་བོད་ཀྱི་ཆུ་བེད་དེང་རབས་ཅན་གྱི་དོ་དམ་ཆུ་ཚད་དང་བཅོས་སྐྱོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཆུ་བེད་བོད་སྐྱོར་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པར། ལས་ཀའི་འགན་འཁྲི་ཁ་གསལ་བཟོ་བ་དང་། ལས་འགན་ཁག་ཞིབ་ཕྲ་བཟོ་བ། ལྟ་ཞིབ་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ། བོད་སྐྱོར་ལས་བྱེད་པའི་ནུས་པ་འདོན་པ་བཅས་ཀྱི་ཐོག་ནས་འཆར་འགོད་དང་དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཏེ་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་པར་ཆུ་བེད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

    ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཆུ་བེད་པུའུ་དང་རྒྱལ་ཡོངས་ཆུ་བེད་ཁོངས་གཏོགས་ཀྱིས་དུས་ཡུན་རིང་པོ་བོད་ཀྱི་ཆུ་བེད་ལས་དོན་ལ་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཆེ་དགྲ་ལྷས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྱོན་ཡོངས་ཀྱི་འབྲེལ་མཐུད་དོན་འཁྱོལ་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ་བྱ་ཐབས་ནན་ཏན་བཟོ་བ་དང་ཞིབ་ཚགས་སུ་གཏོང་བ་དང་། བོད་སྐྱོར་མ་དངུལ་ཚང་མ་བབ་བསྟུན་ངང་སྤྱོད་པ། བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་དང་དོ་དམ་ཡག་པོ་བྱེད་པ། བོད་སྐྱོར་ལས་བྱེད་པར་སེམས་གཏིང་ནས་ལྟ་སྐྱོང་བྱེད་པ། བོད་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལ་དྲིན་ལན་འཇལ་རྒྱུ་དང་རྒྱལ་ཡོངས་ཆུ་བེད་ཁོངས་གཏོགས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།