དབུ་ཤོག>སྲིད་དོན།
  • བརྩེ་སེམས་དང་འགན་འཁྲི་བཅངས་ཏེ་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-13

    1059233_yis_1631462400000_s.jpg

    ཟླ་9ཚེས་10ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྷ་ས་གྲོང་ཁྱེར་པེ་ཅིང་སློབ་འབྲིང་དུ་ཕེབས་ནས་མི་རིགས་ཁག་གི་དགེ་རྒན་གྱི་འཐུས་མི་ཚོར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་འབྲེལ། ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་བྱམས་བརྩེའི་འཚམས་འདྲི་ཞུས་ཤིང་། འདི་ནི་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་པེ་ཅིང་སློབ་འབྲིང་གི་དཔེ་དེབ་ལྟ་ཀློག་ཁང་དུ་སློབ་མ་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

    ཟླ་9ཚེས་10ཉིན་ནི་དགེ་རྒན་དུས་ཆེན་ཐེངས་37པ་ཡིན་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལྷ་ས་གྲོང་ཁྱེར་པེ་ཅིང་སློབ་འབྲིང་དུ་ཕེབས་ནས་མི་རིགས་ཁག་གི་དགེ་རྒན་གྱི་འཐུས་མི་ཚོར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་འབྲེལ། ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་བྱམས་བརྩེའི་འཚམས་འདྲི་ཞུས་གནང་བ་རེད། ཝུའུ་དབྱིང་ཅེས་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་དང་། རྒྱལ་ཡོངས་མཐོ་སློབ་ཀྱི་ཧོང་ཏ་ཉན་འདྲ་བའི་དགེ་རྒན་ཚོགས་པའི་འཐུས་མིར་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་གལ་ཆེན་ལག་བསྟར། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བཅས་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་བཅས་ཕེབས་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་པེ་ཅིང་སློབ་འབྲིང་1998ལོར་བཙུགས་ཤིང་། སྔ་རྗེས་སུ“རང་སྐྱོང་ལྗོངས་ཀྱི་གཙོ་གནད་མཐོ་རིམ་སློབ་འབྲིང”དང“བོད་རང་སྐྱོང་ལྗོངས་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་སློབ་འབྲིང་ཁག་དང་པོ” “སློབ་གསོའི་པུའི་དེང་རབས་སློབ་གསོའི་ལག་རྩལ་གྱི་དཔེ་སྟོན་སློབ་གྲྭ”“རྒྱལ་ཡོངས་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ”སོགས་ལ་བདམས་མྱོང་ཡོད་པ་རེད།

    ཝུའུ་དབྱིང་ཅེ་དཔེ་དེབ་ལྟ་ཀློག་ཁང་དུ་ཕེབས་ནས་རྒྱ་ཆེའི་སློབ་མ་ཚོ་དང་བྱམས་བརྩེའི་བཀའ་མོལ་གནང་སྐབས། སློབ་གྲྭ་དེར་ཡོད་པའི་སློབ་མ་རྣམས་གྲོང་ཁྱེར་དང་ས་ཁུལ་བདུན་ནས་ཡིན་པ་མཁྱེན་ཞིང་། ཝུའུ་དབྱིང་ཅེས་སློབ་མ་ཚོར་ཏང་གི་བཀའ་དྲིན་དང་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ་ཆུང་དུས་ནས་ཕུགས་བསམ་ཆེན་པོ་འཛུགས་པ་དང་། རང་བྱུང་ཚན་རིག་ཤེས་བྱ་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ལག་པ་མང་ཙམ་སྒུལ་བ་དང་བསམ་བློ་མང་ཙམ་གཏོང་བ། གཟུགས་པོ་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། མིག་ཤེད་ལ་སྲུང་སྐྱོང་ཡག་པོ་བྱེད་པ། སློབ་གྲོགས་ཕན་ཚུན་དབར་རོགས་རམ་དང་། རོགས་རེས། དགའ་ཞེན་བཅས་བྱས་ཏེ་མེས་རྒྱལ་ལ་དགའ་ཞེན་དང་ཕུགས་བསམ་ཆེན་པོ་ལྡན་པའི་ལོ་ཆུང་བ་ཡག་པོ་ཞིག་དང་། སྙིང་རུས་ཆེན་པོས་སློབ་སྦྱོང་དང་ཡར་ཐོན་དོན་གཉེར་བྱེད་མཁན་གྱི་ལོ་ཆུང་བ་ཡག་པོ་ཞིག ཀུན་སྤྱོད་བཟང་བ་དང་མཐུན་སྒྲིལ་མཛའ་བརྩེ་ལྡན་པའི་ལོ་ཆུང་བ་ཡག་པོ་ཞིག གཟུགས་པོ་བདེ་ཐང་དང་སེམས་བག་ཡངས་བའི་ལོ་ཆུང་བ་ཡག་པོ་ཞིག་བཅས་བྱེད་དགོས་པའི་སྐུལ་ལྕག་གནང་བ་མ་ཟད། བོད་སྐྱོར་དགེ་རྒན་ཚོས་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་འབྲེལ“བརྒྱུད་རོགས་ཁྲིད་གསུམ”དང་། “གཅིག་གཏད་གཅིག”“གཅིག་གཏད་མང་པོ”བཅས་ཀྱི་བྱེད་ཐབས་ཐོག་ནས་རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་དགེ་རྒན་གྱི་ཤེས་ལྡན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སློབ་གྲྭའི་སློབ་ཁྲིད་ལས་དོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པའི་ཐུགས་རེ་ཡང་གནང་བ་རེད།

    དེ་རྗེས་ཝུའུ་དབྱིང་ཅེས་དགེ་རྒན་གྱི་འཐུས་མི་དང་བྱམས་བརྩེའི་ངང་བཞུགས་མོལ་གནང་ནས་དགེ་རྒན་གྱི་འཐུས་མི་ཚོའི་གཏམ་བཤད་གསན་པ་དང་ཆབས་ཅིག་དགེ་རྒན་གྱི་ལས་ཀ་དང་འཚོ་བའི་གནས་ཚུལ་སྐོར་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་རེད། ཝུའུ་དབྱིང་ཅེས་བསྟན་དོན།

    གཅིག་ནས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅིར་དགའ་ཞེན་དང་ཏང་ཀྲུང་དབྱང་ལ་གོང་བཀུར་ཞུ་དགོས། སྤྱི་ཁྱབ་ཧྲུའུ་ཅིས་རྒྱ་ཆེའི་དགེ་རྒན་ཚོར་སྤྲིངས་པའི་འཕྲིན་ལན་དང་མངགས་བཅོལ་གལ་ཆེན་ཁྲོད་ནས་སྤྱི་ཁྱབ་ཧྲུའུ་ཅིས་དགེ་རྒན་ཚོར་གནང་བའི་ཐུགས་ཁུར་དང་དགའ་གཅེས་ཚོར་བ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་བཅངས་པའི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

    གཉིས་ནས་དོན་དངོས་ལ་གཞི་ཚུགས་ནས་བོད་ཀྱི་སློབ་གསོ་ཡག་པོ་གཉེར་དགོས། ལོ་15ཡི་གཞུང་གྲོན་སློབ་གསོ་དང“འགན་ལེན་གསུམ”གྱི་སྲིད་ཇུས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལ་སྔར་བས་ཤུགས་སྣོན་རྒྱག་པ། རང་བྱུང་ཚན་རིག་སློབ་གསོར་ཤུགས་སྣོན་རྒྱག་པ། ཚན་རིག་དང་མཐུན་པའི་སྒོ་ནས་སློབ་ཚན་གྱི་གྲུབ་ཆ་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ། མཐོ་རིམ་སློབ་གླིང་དང་སློབ་གྲྭའི་ཆེད་ལས་སྒྲིག་བཀོད་ལེགས་སྒྲིག་བྱེད་པ། སློབ་མས་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པར་བཅངས་པའི་སྤྲོ་སྣང་འཕེལ་བ་བཅས་བྱས་ཏེ་སློབ་མའི་རིག་ཚན་གྱི་རིག་གནས་བྱང་ཚད་མཐོ་རུ་ཧུར་ཐག་གཏོང་དགོས།

    གསུམ་ནས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་སློབ་གཉེར་སློབ་སྐྱོང་དང་དཔེ་ཁྲིད་མི་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་མཉམ་འདྲེས་ཡོང་བ་དང་། སློབ་གསོ་སློབ་ཁྲིད་ཀྱི་ལག་ལེན་དང་ཟུང་འབྲེལ་བྱེད་པ། “མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ་བཅས་རྒྱ་ཁྱབ་ཏུ་སྤེལ་བ། མི་རིགས་ཁག་གི་སློབ་མ་ཚོས་བོད་ནི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། ཀྲུང་ཧྭ་རིག་གནས་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་སེམས་ཀྱི་སྒྲོག་ཐག་དང་བསམ་པའི་ཁྱིམ་གཞིས་ཡིན་པ། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་གྱི་ཆ་ཤས་ཤིག་ཡིན་པ་བཅས་ཤེས་རྟོགས་ཟབ་མོ་ཐུབ་པར་སྣེ་ཁྲིད་བྱེད་པ། ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་པ། བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། དར་ཆ་གསལ་སྟོན་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་དེ་ཐོན་པའི་ཤུགས་རྐྱེན་ངན་པ་སེལ་བ། ནང་མི་ཚོས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་ཁྲིད་སྟོན་བྱེད་པ། སློབ་མ་ཚོས་རང་ཉིད་ཀྱི་འཁྲིས་སུ་བྱུང་བའི་འཕེལ་རྒྱས་གསར་པ་དང་། འཚོ་བ་གསར་པ། འགྱུར་ལྡོག་གསར་པ་བཅས་ཀྱི་ཁྲོད་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཟབ་མོ་ཚོར་རྒྱུར་ཁྲིད་སྟོན་བྱེད་པ། ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས།

    བཞི་ནས་སློབ་ཁྲིད་ཀྱི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ལས་ཀའི་སྒྲིག་སྲོལ་སྔར་བས་གསར་གཏོད་དང་། ལྡོག་སྐུལ་ལམ་སྲོལ་མཐའ་འཁྱོངས་བྱེད་པ། རྒྱ་ཆེའི་དགེ་རྒན་ཚོས་ཚེ་གང་སློབ་སྦྱོང་བྱེད་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱེད་པ། ཤེས་བྱ་སྦྱོང་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ། ཤེས་བྱའི་མིག་རྒྱང་དང་། རྒྱལ་སྤྱིའི་མིག་རྒྱང་། ལོ་རྒྱུས་ཀྱི་མིག་རྒྱང་ཆེ་རུ་གཏོང་བ་བཅས་བྱས་ནས་ལས་སྒོའི་འཇོན་ཐང་དང་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

    ལྔ་ནས་འགན་འཁྲི་དང་བརྩེ་སེམས་འཆང་བཞིན་དཔེ་ཁྲིད་མི་སྐྱོང་བྱེད་དགོས། རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་ཚོས་སློབ་མར་ཐུགས་ཁུར་དང་དགའ་གཅེས་བྱེད་པ་དང་ཀུན་སྤྱོད་ལ་བརྟེན་ནས་ལུས་ཚུགས་པ་དང་། ཀུན་སྤྱོད་ལ་བརྟེན་ནས་སློབ་སྦྱོང་། ཀུན་སྤྱོད་ལ་བརྟེན་ནས་སློབ་ཁྲིད་བཅས་བྱེད་པ། སྙིང་རུས་ཆེན་པོས་ཤེས་བྱར་ཞིབ་འཇུག་བྱེད་པ། བློ་གཅིག་སེམས་གཅིག་གིས་དཔེ་ཁྲིད་མི་སྐྱོང་བྱེད་པ། འཆད་སྟེགས་ལ་གུས་སྐྲག་དང་། གཅེས་སྤྲས། དགའ་ཞེན་བཅས་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་གཞན་ལ་མིག་དཔེ་བཟང་པོ་འདོན་པ། ཐོག་མཐའ་བར་གསུམ་དུ་བླ་ན་མེད་པའི་དགེ་རྒན་གྱི་ཀུན་སྤྱོད་དང་། མི་གཤིས་ཀྱི་ཉམས་འགྱུར། ཤེས་རྒྱ་ཟབ་པ་བཅས་ལ་བརྟེན་ནས་སློབ་མའི་ཡིད་དབང་བཀུག་ནས་སློབ་མ་འཚར་ལོངས་ཡོང་བ་དང་ཤེས་ལྡན་པར་འགྱུར་རྒྱུར་ཁྲིད་སྟོན་བྱེད་དགོས།

    དྲུག་ནས་དགེ་རྒན་ལ་བརྩི་འཇོག་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་གཏོད་དགོས། རིམ་ཁག་སློབ་གསོ་སྡེ་ཚན་གྱིས་དགེ་རྒན་འཚར་ལོངས་དང་ཡར་རྒྱས་འགྲོ་རྒྱུར་ཐུགས་ཁུར་བྱས་ནས་ཆབ་སྲིད་ཐད་ཡིད་ཆེས་བྱེད་པ་དང་། ལས་ཀའི་ཐད་སེམས་རྩ་འཁོལ་པོས་རོགས་རམ་བྱེད་པ། འཚོ་བའི་ཐད་ལྷག་བསམ་རྣམ་དག་གིས་ཐུགས་ཁུར་བྱེད་པ། དགེ་རྒན་གསོ་སྐྱོང་གསོ་སྦྱོང་དང་ལྕག་སྐུལ་འགན་སྲུང་སོགས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་དགེ་རྒན་ཚོའི་དཔེ་ཁྲིད་མི་སྐྱོང་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐོང་འཐེན་གང་ལེགས་བྱེད་དགོས། དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་དྲང་ནུས་དར་སྤེལ་བཏང་སྟེ་སྤྱི་ཚོགས་ཡོངས་སུ་སློབ་གསོར་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།