དབུ་ཤོག>སྲིད་དོན།
  • རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་2021ལོའི་བསྡོམས་རྩིས་ལྟ་བཤེར་ཚོགས་ཆུང་6པས་བོད་དུ་བཅའ་སྡོད་བྱས་ནས་བསྡོམས་རྩིས་ལྟ་བཤེར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-09

    ཏང་ཡོངས་དང་རྒྱལ་ཡོངས་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་བློ་སྟོབས་ཆེར་སྐྱེད་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་མཚམས་འདིར་བསྡོམས་རྩིས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ནུས་ལྡན་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབང་ཆ་སྤྲད་པ་བརྒྱུད་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་2021ལོའི་བསྡོམས་རྩིས་ལྟ་བཤེར་ཚོགས་ཆུང་6པས་ཉེ་ཆར་བོད་རང་སྐྱོང་ལྗོངས་སུ་བཅའ་སྡོད་བྱས་ནས་བསྡོམས་རྩིས་ལྟ་ཞིབ་ལས་དོན་སྤེལ་བ་མ་ཟད། ཟླ་9ཚེས་7ཉིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་མཐུད་མཐུན་སྦྱོར་ཡང་བྱས་པ་རེད། ལྟ་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིན་ཐའོ་ཡིས་བསྡོམས་རྩིས་ལྟ་བཤེར་ལས་དོན་བརྡ་ཁྱབ་བཏང་བ་དང་ལས་ཀའི་བླང་བྱ་བཏོན་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་འབྲེལ་མཐུད་མཐུན་སྦྱོར་ཚོགས་འདུར་ཞུགས་པ་དང་འབྲེལ་སྐུལ་སློང་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་སྙན་ཞུའི་གསུང་བཤད་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་པད་མ་དབང་འདུས་དང་ལིའུ་ཅང་བཅས་འབྲེལ་མཐུད་མཐུན་སྦྱོར་ཚོགས་འདུར་ཞུགས་པ་རེད། འབྲེལ་མཐུད་མཐུན་སྦྱོར་ཚོགས་འདུ་མ་འཚོག་གོང་ཝུའུ་དབྱིང་ཅེ་དང་། ཆེ་དགྲ་ལྷ། ཀྲོང་ཡན། ཡན་ཅིན་ཧའེ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལིན་ཐའོ་དང་བཅས་པ་དང་བཞུགས་མོལ་གནང་བ་རེད།

    ལིན་ཐའོ་ཡིས་བསྡོམས་རྩིས་ལྟ་བཤེར་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། བསྡོམས་རྩིས་དེང་རབས་ཅན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཅས་ཀྱི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་གལ་ཆེན་ཞིག བསྡོམས་རྩིས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་བཅས་རེད། ད་ཐེངས་ཀྱི་བསྡོམས་རྩིས་ལྟ་བཤེར་གྱིས་ཀྲུང་དབྱང་གི《བསྡོམས་རྩིས་རྫུན་བཟོ་དང་མི་བདེན་རྫུན་སྒྲིག་ལ་འགོག་ཟོན་དང་ཆད་གཅོད་བྱེད་པའི་ལྟ་བཤེར་ལས་དོན་གྱི་གཏན་འབེབས》ནང་གཏན་འཁེལ་བྱས་པའི་ལྟ་བཤེར་ནང་དོན་ལ་དམ་པོར་དམིགས་པ་དང་། བསྡོམས་རྩིས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ལ་དམིགས་ཏེ། བསྡོམས་རྩིས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་། བསྡོམས་རྩིས་རྫུན་བཟོ་དང་མི་བདེན་རྫུན་སྒྲིག་ལ་འགོག་ཟོན་དང་ཆད་གཅོད་བྱེད་པའི་འགན་འཁྲིའི་ལམ་ལུགས་འཛུགས་པ། རྒྱལ་ཁབ་ཀྱི་བསྡོམས་རྩིས་སྲིད་འཛིན་བཀའ་རྒྱ་ལག་བསྟར་བྱས་ཚུལ་སོགས་ལ་ལྟ་བཤེར་བྱེད་པ། བསྡོམས་རྩིས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་དབང་གྲགས་སྲུང་སྐྱོང་བྱེད་པ། བསྡོམས་རྩིས་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཆེད་བསྡོམས་རྩིས་ཀྱི་འགན་ལེན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ལྟ་བཤེར་ཚོགས་ཆུང་དང་བཅས་པར་དགའ་བསུ་ཞུས་པ་དང་འབྲེལ། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་བོད་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ་བློ་མཐུན་ལིན་ཐའོ་ཡིས་ཙུའུ་ཀྲང་གནང་བའི་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་བསྡོམས་རྩིས་ལྟ་བཤེར་ཚོགས་ཆུང་6པ་བོད་དུ་ཕེབས་ནས་བསྡོམས་རྩིས་ལྟ་བཤེར་ལས་དོན་སྤེལ་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ལུགས་གང་ལེགས་མཚོན་ཡོད་ཅེས་གསུངས་པ་རེད། ཁོང་གིས་བསྡོམས་རྩིས་ལྟ་བཤེར་ལས་དོན་སྤེལ་བར་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ལྡན་ཡོད་པས་ལྟ་བཤེར་ཚོགས་ཆུང་གིས་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་མང་ཙམ་དང་། སྐྱོན་བརྗོད་མང་ཙམ། རྩ་ཆེའི་བསམ་འཆར་མང་ཙམ་འདོན་པ་བཅས་བྱེད་པ་དང་ལྷག་པའི་གནད་དོན་དང་མི་འདང་ས་ནན་པོ་བཏོན་ཏེ། དུས་རབས་གསར་པའི་བོད་ཀྱི་བསྡོམས་རྩིས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

    ཆེ་དགྲ་ལྷས་བོད་རང་སྐྱོང་ལྗོངས་ཀྱིས་བསྡོམས་རྩིས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད། ཁོང་གིས་གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བསྡོམས་རྩིས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ད་ཐེངས་ཀྱི་ལྟ་བཤེར་དེ་གནད་དོན་བཤེར་འདོན་དང་ལས་དོན་ལེགས་སུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ“དམར་ཐིག”དང“མཐའ་ཚད”ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། བསྡོམས་རྩིས་རྫུན་བཟོ་དང་མི་བདེན་རྫུན་སྒྲིག་ལ་འགོག་ཟོན་དང་ཆད་གཅོད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་བརྟན་དུ་མཐའ་གཅིག་ཏུ་གཏོང་བ། བསྡོམས་རྩིས་ཀྱི་གྲངས་གཞི་བདེན་ལ་ཡང་དག་པ་དང་ཆ་ཚང་ལ་དུས་ཐོག་ཡོང་བའི་འགན་ལེན་བཅས་བྱས་ནས་ལྗོངས་ཡོངས་ཀྱི་བསྡོམས་རྩིས་ཀྱི་རྣམ་པ་བཟང་པོ་བརྟན་དུ་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་2021ལོའི་བསྡོམས་རྩིས་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་སུ་དུས་ཡུན་ཉིན་12ཙམ་གྱི་བསྡོམས་རྩིས་ལྟ་བཤེར་བྱ་རྒྱུ་རེད། བཅའ་སྡོད་བྱེད་རིང་བསྡོམས་རྩིས་རྫུན་བཟོ་དང་མི་བདེན་རྫུན་སྒྲིག་སོགས་སྒྲིག་འགལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་གནད་དོན་ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས་0891-6388392དང་། ཐེར་འདོན་གོང་ཞུའི་ཡིག་སྒམ། བོད་རང་སྐྱོང་ལྗོངས་ཀྱི་སྦྲག་སྲིད་ཡིག་སྒམ་ཨང་A004པ། ཐེར་འདོན་གོང་ཞུའི་གློག་རྡུལ་ཡིག་སྒམ་ནི་2021tjdc6@stats.gov.cnརེད། ཐེར་འདོན་གོང་ཞུ་བདག་སྤྲོད་བྱེད་པའི་དུས་ཚད་ནི་2021ལོའི་ཟླ་9ཚེས་6ཉིན་ནས་ཟླ་9ཚེས་17ཉིན་བར་ཡིན་པ་དང་བདག་སྤྲོད་བྱེད་པའི་དུས་ཚོད་ནི་ཉིན་ལྟར་གྱི་ཆུ་ཚོད་9:30ནས་13:00བར་དང་། 15:30-18:30བར་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།