དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་བཟའ་བཅའི་བདེ་འཇགས་ཀྱི་དམངས་འཚོའི་ལས་དོན་དངོས་ལ་ཞིབ་འཇུག་དང་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-09

    ཚེས་7ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཟའ་བཅའི་བདེ་འཇགས་ཁྱབ་ཁོངས་ཀྱི་དམངས་འཚོའི་དོན་དངོས་མགྱོགས་མྱུར་དོན་འཁྱོལ་ཡོང་རྒྱུར་ཞིབ་འཇུག་དང་སྐུལ་འདེད་བཏང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག བཟའ་བཅའི་ཞིབ་བཤེར་ཚད་ལེན་དང་། རིག་ལྡན་བཟའ་བཅའི་བདེ་འཇགས་མ་ལག་འཛུགས་སྐྲུན། ཞིང་ཞོར་ཁྲོམ་ར་རིམ་སྤོར་སྒྱུར་བཀོད་བཅས་ཀྱི་འབྲེལ་ཡོད་ཇུས་གཞིར་གྲོས་བསྡུར་བྱས་པ་རེད།

    ཚོགས་འདུའི་ཐོག རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས“ནན་ཤོས་བཞིའི”བླང་བྱར་བརྩི་སྲུང་ནན་ཏན་ཞུ་བ་དང་། འགན་འཁྲི་ཏན་ཏིག་འཁུར་རྒྱུར་ཤུགས་སྣོན་རྒྱག་པ། རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་གཏོད་བཅས་བྱས་ནས་བཟའ་བཅའ་དང་སྨན་རྫས་ཀྱི་འཁོར་སྦྲེལ་ཧྲིལ་པོའི་ལྟ་འདོམས་མ་ལག་མྱུར་ལ་བརྟན་པའི་སྒོ་ནས་འཛུགས་དགོས། དམངས་འཚོའི་ཚོང་ཟོག་འགྲོ་རྒྱུག་གི་ལྷུ་ཚིགས་ཁག་ལ་དམ་པོར་དམིགས་པ་དང་། རིན་གོང་ལ་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་རིམ་པ་ཁག་གི་ཁྲོམ་ར་བདེ་འཇགས་དང་གོ་རིམ་ལྡན་པ་དང་རིན་གོང་བརྟན་པོ་ཡོང་རྒྱུའི་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།