དབུ་ཤོག>སྲིད་དོན།
  • ཅང་སུའུ་ཡི་ཐོན་ལས་བོད་སྐྱོར་གྱི་རྣམ་གྲངས་གལ་ཆེན་ལྷ་ས་གླང་རྭ་ཨ་རག་གྲོང་ཚོ་དང་དབྱང་ཧོ་མ་རྐང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འཐབ་ཇུས་མཉམ་ལས་ཀྱི་གན་འཇོག་མཛད་སྒོ་འཚོཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-07

    ཟླ་9ཚེས་3ཉིན་གྱི་ཕྱི་དྲོ། ཅང་སུའུ་ཡི་ཐོན་ལས་བོད་སྐྱོར་གྱི་རྣམ་གྲངས་གལ་ཆེན་ཡིན་པའི་ལྷ་ས་གླང་རྭ་ཨ་རག་གྲོང་ཚོ་དང་དབྱང་ཧོ་མ་རྐང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འཐབ་ཇུས་མཉམ་ལས་ཀྱི་གན་འཇོག་མཛད་སྒོ་ལྷ་སར་འཚོགས་ནས་ལྷ་སའི་གྲོང་གསེབ་དར་རྒྱས་དང་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རེན་ཝུའེ་གན་འཇོག་མཛད་སྒོར་ཞུགས་པ་དང་འབྲེལ་དཔང་པོའང་གནང་ཡོད། 

    ལྷ་ས་གླང་རྭ་ཨ་རག་གྲོང་ཚོའི་རྣམ་གྲངས་དེ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འབྲོམ་ཐོད་ཤང་ཡེར་པ་གྲོང་ཚོའི་གླང་རྭའི་ཁོངས་སུ་གནས་པ་དང་ས་ཁྱོན་མུའུ་200ལྷག་ཙམ་དང་མ་འཇོག་དངུལ་འབོར་སྒོར་དུང་ཕྱུར་10གཏོང་རྩིས་ཡོད་པ་རེད། རྣམ་གྲངས་དེ་ནི་ཅང་སུའུ་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ་ཡིས་ཅང་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཐོན་ལས་བོད་སྐྱོར་མཛད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ཏེ། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་དང་། སྟག་རྩེ་ཆུས་ཨུད་དང་ཆུས་སྲིད་གཞུང་དང་མཐུན་སྦྱོར་དང་མཉམ་ལས་ཧུར་ཐག་བྱས་པ་བརྒྱུད་ཅང་སུའུ་དང་ལྷ་ས་གཉིས་སེམས་མཐུན་མཉམ་ལས་བྱས་ནས་རྒྱལ་ཁབ་ཀྱི“ཞིང་ལས་གྲོང་གསེབ་སྔོན་ལ་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི”སྤྱི་ཡོངས་ཀྱི་འཐབ་ཇུས་ལ་བསྟུན་པའི་དཔེ་མཚོན་རྣམ་གྲངས་ཤིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་བསྐྲུན་རྗེས་ས་གནས་ལ་སྒོར་དུང་ཕྱུར་10ལྷག་ཙམ་གྱི་ལོའི་ཐོན་རྫས་རིན་ཐང་གཏོད་ཐུབ་པ་དང་ལས་ཞུགས་ལས་གནས་500ཙམ་མཁོ་འདོན་ཐུབ་ནས་ས་གནས་དེ་གའི་མང་ཚོགས་དེ་བས་མང་བར་ཐོན་ལས་ཀྱི་རིན་ཐང་འཕར་མའི་ཕན་འབྲས་ལོངས་སྤྱོད་ཐུབ་པ་མ་ཟད། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལའང་རམ་འདེགས་ཐུབ་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།