དབུ་ཤོག>སྲིད་དོན།
  • ཧོ་ཝུན་ཧའོ་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཀྱི‘སྲུང་སྐྱོང་གཉིས’ཀྱི་གྲོས་བསྡུར་ཆེ་མོའི་ཆེད་དོན་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-07

    ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་བཀོད་སྒྲིག་བླང་བྱ་དང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཀྱི་སློབ་གསོ་བཅོས་སྒྲིག་གི་བཀོད་སྒྲིག་ཞིབ་ཕྲ་གཞིར་བཟུང་། ཚེས་3ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཀྱིས‘སྲུང་སྐྱོང་གཉིས’ཚད་ཤིང་དུ་བྱས་ནས་ཆབ་སྲིད་ཐད་ལྷག་བསམ་གྱི་མིག་དཔེ་འདོན་དགོས”པའི་གྲོས་བསྡུར་ཆེ་མོའི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    ཧོ་ཝུན་ཧའོ་ཡིས‘སྲུང་སྐྱོང་གཉིས’ཚད་ཤིང་དུ་བྱས་ནས་ཆབ་སྲིད་ཐད་ལྷག་བསམ་གྱི་མིག་དཔེ་འདོན་དགོས”པའི་གྲོས་བསྡུར་ཆེ་མོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་རང་ཉིད་ཀྱིས“སྲུང་སྐྱོང་གཉིས”ཐུབ་མིན་དང་ཆབ་སྲིད་ལྷག་བསམ་བརྟན་སྲུང་ཐད་ལྷག་པའི་གནད་དོན་ལ་ཕྱོགས་ཡོངས་ནས་ལྟ་བཤེར་བྱེད་དགོས་པ་དང་། “སྲུང་སྐྱོང་གཉིས་དང་ཆབ་སྲིད་ལྷག་བསམ”གྱི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་གི་སྒྲིག་ཡིག་དང་། ཏང་གི་འགོ་ཁྲིད། ཏང་གི་རིགས་པའི་གཞུང་ལུགས་བཅས་ལ་ལྷག་བསམ་རྣམ་དག་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་དང་དེ་བཞིན་སྒྲིག་ཁྲིམས་བཅའ་ཁྲིམས་ལ་ལྷག་བསམ་རྣམ་དག་བྱེད་དགོས་པ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་གཤིས་བློ་སྦྱོང་ལ་ཞུན་བརྡར་དང་། རང་ངོས་ཀྱི་ཆབ་སྲིད་ནུས་པ་ཟམ་མི་ཆད་མཐོ་རུ་གཏོང་བ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ཐད་མདུན་དུ་ཤོར་ཐུབ་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། སྲིད་ཁྲིམས་དམངས་ཆེད་མཐའ་འཁྱོངས་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚད་ཤིང་ཞིག་བྱེད་པ་དང་མིག་དཔེ་འདོན་པ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགའ་འཁུར་བཅས་ཀྱི་ས་མཐོའི་སྲིད་ཁྲིམས་ཀྱི་ལྕགས་དང་ངར་ལྕགས་ལྟ་བུའི་དཔུང་ཁག་སྐྲུན་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།