དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་བོད་ལྗོངས་གཡག་རྟེན་མཛོད་གླིང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-06

     ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་མཛུབ་སྟོན་བླང་བྱ་ལྟར། ཚེས་3ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་བོད་ལྗོངས་གཡག་རྟེན་མཛོད་གླིང་དུ་ཕེབས་ནས་བརྟག་ཞིབ་གནང་བ་རེད།

    སྣེའུ་ཁུལ་གསར་དུ་ཡོད་པའི་བོད་ལྗོངས་གཡག་རྟེན་མཛོད་གླིང་གིས“གཡག་གི་སྙིང་སྟོབས”དེ་བཤམས་མཛོད་ཁང་འཛུགས་པའི་འདུ་ཤེས་སུ་བཟུང་ཐོག གཡག་གི་དྲིན་འཇལ་བ་དང་། གཡག་གི་གསང་བ་འཚོལ་བ། གཡག་དང་འགྲོགས་པ་སོགས་ཀྱི་འགྲེམས་ཁང་བརྒྱུད་གཡག་གི་རྒྱུད་ཁུངས་དང་འདུལ་གསོའི་བརྒྱུད་རིམ་སོགས་ངོ་སྤྲོད་བྱས་ཡོད་པ་རེད། དེ་གར་ཕེབས་རྗེས། ཡན་ཅིན་ཧའེ་ཡིས་འགྲེམས་རྫས་ལ་གཟིགས་ཀྱིན་ནན་ཏན་ངང་ངོ་སྤྲོད་གསན་པ་དང་ཆབས་ཅིག སྐབས་དེར་ཕེབས་མཚམས་བཞག་ནས་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་བ་རེད། 

    ཁོང་གིས། རང་རྒྱལ་གྱི་གཡག་དང་གཡག་གི་རིག་གནས་བརྗོད་དོན་གཙོ་བོར་བྱས་པའི་རྟེན་མཛོད་གླིང་ཐོག་མ་ཡིན་པའི་ཆ་ནས། བོད་ལྗོངས་གཡག་རྟེན་མཛོད་གླིང་སྒོ་དབྱེ་ཚུན། གྲོང་མི་དང་ཡུལ་སྐོར་བའི་དགའ་བསུ་ཐོབ་ཅིང་། འདི་གའི་ཕུན་སུམ་ཚོགས་པའི་གཅེས་ཉར་འགྲེམས་རྫས་ཀྱིས་ལྟད་མོ་བར་རང་ལྗོངས་ཀྱི་མི་རིགས་ཀྱི་ཁྱད་ཆོས་མངོན་པའི་གཡག་གི་རིག་གནས་འགྲེམས་སྟོན་བྱས་ཡོད་ཅེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས། བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་འགྲེམས་རྫས་ཀྱི་ཆུ་ཚད་མཐོ་རུ་བཏང་ཐོག་གཡར་བ་དང་འདྲ་བཟོས་སོགས་བརྒྱུད་གཡག་དང་འབྲེལ་བ་ཡོད་པའི་དངོས་རྫས་རྩེ་གྲ་འགྲེམས་ཁང་ཁག་ཏུ་འགྲེམས་སྟོན་བྱེད་པ་དང་། འགྲེམས་སྟོན་ཁང་ཁག་གི་འགྲེམས་རྫས་བསྡུ་སྒྲིལ་བྱས་ནས་བསྐྱར་འགྲེམས་མི་བྱེད་པ། འགྲེམས་རྫས་ཀྱི་ཆ་འཕྲིན་ཞིབ་ཕྲ་གསལ་པོར་བཀོད་དེ་འགྲེམས་སྟོན་ཞིབ་ཚགས་ཡོང་བ་བྱེད་པ་དང་། དེང་རབས་ཀྱི་སྒྲ་འོད་གློག་གསུམ་གྱི་ལག་རྩལ་ཕྱོགས་བསྡུས་བེད་སྤྱོད་ཡག་པོ་བྱས་ཐོག་མཉམ་འགུལ་རྣམ་པ་བརྒྱུད་གྲོང་མི་དང་ཡུལ་སྐོར་བར་ཡ་མཚན་དང་ཤེས་འདོད་ཀྱི་སེམས་ཤུགས་སྐྱེ་རུ་བཅུག་སྟེ། ལྟ་སྐོར་གྱི་བརྒྱུད་རིམ་ཁྲོད་ཁོང་ཚོའི་ལོ་རྒྱུས་གཏམ་རྒྱུད་དང་རིག་དངོས་ཉར་ཚགས་ལ་ཤེས་རྟོགས་བྱེད་ཚད་ཟབ་ཏུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།


    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།