ཟླ་8ཚེས་31ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་ཁོངས་གཏོགས་ཀྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་དྲུང་ཡིག་ཁྲུའི་ཆ་འཕྲིན་ལྟེ་གནས་ཀྱི་ཏང་ཀྲི་པུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུར་ཞུགས་ནས། ཀྲི་པུའི་ཏང་ཡོན་དང་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་གནང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྔར་བས་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་གནང་བ་རེད།
ཚོགས་འདུའི་ཐོག་ཏང་ཀྲི་པུའི་ཁོངས་མིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་མྱོང་ཚོར་ལྷུག་པོར་གླེང་བ་རེད། བློ་བཟང་རྒྱལ་མཚན་གྱིས་གཏམ་བཤད་ནན་ཏན་གསན་ནས་ཚང་མ་དང་སྤེལ་རེས་གནང་ཞིང་། ཁོང་གིས་རང་ཉིད་ཀྱི་འཚར་ལོངས་དང་སློབ་སྦྱོང་དང་ལས་ཀའི་ཉམས་མྱོང་དང་ཟུང་འབྲེལ་གནང་སྟེ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་སྤྱད་འབད་འཐབ་བྱས་པས། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ལྡན་དུ་གྱུར་པའི་བར་གྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་རླབས་པོ་ཆེར་བརྩེ་བ་ཟབ་མོས་ཕྱིར་དྲན་གནང་བ་དང་། བློ་མཐུན་མའོ་ཙེ་ཏུང་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་རྒན་རབས་ཚོས་ཀྲུང་གོ་གུང་ཁྲན་ཏང་བཙུགས་པ་དང་། སྲ་བརྟན་དུ་བཏང་བ། འཕེལ་རྒྱས་བཏང་བ་བཅས་དང་། ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ལ་མཛད་རྗེས་རླབས་པོ་ཆེ་བཞག་པར་རྗེས་དྲན་ཟབ་མོ་གནང་བ་རེད། དེ་དང་ཆབས་ཅིག བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་འོག བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ཟུང་འབྲེལ་གནང་སྟེ། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བས་ཀྱང་མེད་པའི་བདེན་དོན་རྒྱས་བཤད་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་ལུགས་རྒྱས་བཤད་གཏིང་ཟབ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱས་ཚེ། བོད་ལ་གཞི་ནས་དར་རྒྱས་ཡར་ཐོན་གྱི་འབྱུང་འགྱུར་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་ཡིན་པ་རྒྱས་བཤད་གཏིང་ཟབ་བཅས་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་མཐའ་འཁྱོངས་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་སེམས་ལ་དད་སེམས་ཡོད་པ་དང་། སེམས་ལ་ཏང་ཡོད་པ། སེམས་ལ་རྒྱལ་ཁབ་ཡོད་པ། སེམས་ལ་མི་དམངས་ཡོད་པ། སེམས་ལ་བྱ་གཞག་ཡོད་པ་བཅས་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་ཧ་ཅང་བརྟན་པོ་དང་། ཡིན་མིན་ཆེན་པོ་དབྱེ་བ་གསལ་པོ་ཕྱེ་བའི་ལངས་ཕྱོགས་ཧ་ཅང་བརྟན་པོ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་བྱ་སྤྱོད་ཧ་ཅང་བརྟན་པོ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་ཧ་ཅང་ཟབ་མོ་བཅས་ཡོད་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་ན་གཞོན་ཏང་ཡོན་ལས་བྱེད་པ་ཚོར་ཕུགས་བསམ་ཆེན་པོ་བློ་ལ་འཆང་བ་དང་། གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གཏོང་བ། ཐོག་མའི་བསམ་འདུན་སྒྲུབ་པ། སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་འཁུར་ཕོད་པ། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྲོ་སེམས་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ཞུགས་པའི་ལྕག་སྐུལ་གནང་བ་རེད།