དབུ་ཤོག>སྲིད་དོན།
  • བོད་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་སྐོར་གྱི་ལས་དོན་གནས་ཚུལ་གསན་པ་དང་ཞིབ་འཇུག་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-02

     ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀྲམ་པའི《ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ལག་བསྟར་རྩ་གནད(2021ལོ་ནས་2025ལོ་བར)》བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་ལྗོངས་ཀྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཚུལ་གསན་པ་མ་ཟད། ལག་བསྟར་དོན་འཁྱོལ་གྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཙོ་གནད་ལས་འགན་དང་འདུ་འགོད་གལ་ཆེན་ཞིག་ཡིན་ཞིང་། དེས་ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་པས“སྔོན་ལ་ཚད་བརྒལ”བྱེད་དགོས། དེས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་པ་ཁ་གསལ་བཏོན་གནང་ཡོད། 《ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ལག་བསྟར་རྩ་གནད(2021ལོ་ནས་2025ལོ་བར)》ནི་སླད་ཕྱིན་ལོ་ལྔའི་རིང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་བརྗིད་ཆེའི་འཆར་གཞི་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གཞུང་ཁོངས་གཏོགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་། སྤྱི་ཚོགས་ལས་དོན་ལ་དོ་དམ།  མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འགན་འཁྲི་གལ་ཆེན་འཁུར་བཞིན་ཡོད་པས། ངེས་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། 《རྩ་གནད》ཀྱི་མཛུབ་ཁྲིད་དགོངས་པ་དང་། རྩ་དོན་གྱི་དམིགས་ཚད། ལས་འགན་གཙོ་བོ། བྱེད་ཐབས་ཞིབ་ཕྲ་བཅས་ཁོང་དུ་ཏན་ཏིག་ཆུད་པར་བྱས་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཚང་མར་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། ཁྲིམས་སྐྱོང་དགོངས་པ་དང་མཐའ་ཚད་ཀྱི་བསམ་ཕྱོགས་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་ནུས་ཆེ་རུ་བཏང་སྟེ། སྲིད་གཞུང་གི་ལས་དོན་ཁག་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་དུ་མཐའ་གཅིག་ཏུ་སྐྱོད་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་སྔར་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་སྟེ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཁྲིམས་ལྟར་སྲིད་འཛིན་ལ་སྔར་བས་ཤུགས་སྣོན། སྲིད་གཞུང་གི་འགན་ནུས་སྔར་བས་ལེགས་སུ་གཏོང་བ། ལམ་ལུགས་ཀྱི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། སྲིད་འཛིན་གྱི་ཁྲིམས་བསྟར་སྔར་བས་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་གྱིས་ཆོས་ཉིད་ཁོང་དུ་ཆུད་པ་དང་ཕྱོགས་སྡོམ་ནན་ཏན་བྱས་ཏེ། བྱེད་ཐབས་ཡག་པོ་དང་ཉམས་མྱོང་ཡག་པོ་རྣམས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་དུ་འགྱུར་བར་བྱེད་པ་དང་། རང་ལྗོངས་ཀྱི་ལག་བསྟར་བསམ་འཆར་གང་མགྱོགས་འདོན་པ།“དམངས་ཆེད་ཁྲིམས་སྐྱོང”གི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་པ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞན་ཆ་གང་མགྱོགས་གསབ་པ། ཁྲིམས་བཟང་བཅོས་མཁས་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་སྐྱོང་སློབ་གསོ་རྒྱུན་མཐུད་སྤེལ་ནས། བཅའ་ཁྲིམས་ལ་བརྩི་བཀུར་རྣམ་དག་ཞུ་མཁན་དང་། རང་རྟོགས་ངང་བརྩི་སྲུང་ཞུ་མཁན། མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་མཁན་བཅས་བྱས་ཏེ། འགན་ནུས་ཚན་རིག་དང་མཐུན་པ་དང་། འགན་དབང་ཁྲིམས་གཏན་འཁེལ་བ། ཁྲིམས་འཛིན་ནན་པོ། ཡོངས་བསྒྲགས་དྲང་བདེན། རིག་ནུས་ནུས་ཆེ། སྤྱོད་གཙང་གཞུང་དྲང་། མི་དམངས་བློ་ཡིད་ཚིམ་པ་བཅས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་དགོས།

    ཚོགས་འདུའི་ཐོག་ད་དུང་རང་ལྗོངས་ཀྱི་ཞིང་ལས་འགན་བཅོལ་གྱི་འགན་བཅོལ་རིགས་ཁག་གཅིག་གི་འགན་སྲུང་ཆུ་ཚད་དང་གྲོན་དངུལ་ཚད་གཞི་མཐོ་རུ་གཏོང་བ་སོགས་ཀྱི་ལས་དོན་སྤེལ་ཚུལ་གསན་ནས་གྲོས་ཞིབ་བྱས་ཏེ་འབྲེལ་ཡོད་སྲིད་ཇུས་སྔར་བས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ལ་དམ་འཛིན་ནན་པོས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྐུལ་འདེད་དང་ཞིང་འབྲོག་པར་ཕན་པ་འཐོབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།