དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ཧྲའན་ཤིས་ཞིང་ཆེན་གྱི་རྟོག་ཞིབ་ཚོགས་ཆུང་བཅས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-02

    ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཧྲའན་ཤིས་ཞིང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཀོང་ཀྲི་ཡིས་སྣེ་ཁྲིད་པའི་ཧྲའན་ཤིས་ཞིང་ཆེན་གྱི་རྟོག་ཞིབ་ཚོགས་ཆུང་བཅས་པ་དང་བཞུགས་མོལ་གནང་སྟེ་བོད་སྐྱོར་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།

    ཀྲོང་ཡན་གྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་རེན་བློ་བཟང་རྒྱལ་མཚན། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ནས་ཧྲའན་ཤིས་ཞིང་ཆེན་གྱི་རྟོག་ཞིབ་ཚོགས་ཆུང་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་འབྲེལ། ཧྲའན་ཤིས་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཡང་ཞུས་གནང་བ་རེད།

    ཀྲོང་ཡན་གྱིས། བོད་སྐྱོར་ལས་དོན་སྤེལ་ཚུན་ཧྲའན་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་བོད་སྐྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་རང་ངོས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཧ་ཅང་ལྕི་བའི་གནས་ཚུལ་འོག་བོད་སྐྱོར་གྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་དང་བོད་སྐྱོར་གྱི་ནང་དོན་གཏིང་ཟབ་ཏུ་བཏང་ནས་སྒེར་སེམས་མེད་པར་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གང་ཐུབ་ཅི་ཐུབ་ཀྱིས་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། ཧྲའན་ཤིས་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད། ཧྲའན་ཤིས་ཞིང་ཆེན་གྱིས་སྔར་རྒྱུན་བཞིན་བོད་ཀྱི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས་མངའ་རིས་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད། ང་ཚོས་ཀྱང་ངེས་པར་དུ་བོད་སྐྱོར་མ་དངུལ་དང་རྣམ་གྲངས་ཡག་པོ་སྤྱོད་པ་དང་དོ་དམ་ཡག་པོ་བྱས་ནས་དེའི་ཕན་འབྲས་ཆེ་ཤོས་ཐོན་པ་བྱེད་རྒྱུ་དང་། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་མུ་མཐུད་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ཆབ་སྲིད་ཐད་ཡིད་ཆེས་གང་ལེགས་དང་། ལས་དོན་ཐད་རྒྱབ་སྐྱོར་ཤུགས་ཆེན། འཚོ་བའི་ཐད་སེམས་རྩ་འཁོལ་པོས་སེམས་ཁུར། དོ་དམ་ཐད་བླང་བྱ་ནན་པོ་འདོན་པ་བཅས་བྱས་ནས་ཁོང་ཚོས་འཇོན་ཐང་དང་ནུས་པ་འདོན་པར་ཆ་རྐྱེན་གཏོད་པ་དང་ལས་སྟེགས་མཁོ་འདོན་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཀྲང་ཀོང་ཀྲི་ཡིས། ཧྲའན་ཤིས་ཞིང་ཆེན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཁ་གཏད་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོ་དང་། ཐོན་ལས་བོད་སྐྱོར། ཆེད་ལས་ཤེས་ལྡན་པའི་བོད་སྐྱོར། ལས་ཞུགས་རོགས་སྐྱོར་སོགས་ཀྱི་ཐད་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱས་ཏེ་མངའ་རིས་ས་ཁུལ་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།