དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གྲོང་ཁྱེར་དང་ས་ཁུལ་ཁག་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་སོགས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་དྲན་རྟེན་དངོས་པོ་སྣ་ཁ་..

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-26

    981257_yis_1629907200000_s.jpg

    ཀྲུང་དབྱང་སྐུ་ཚབ་ཚོགས་པའི་མངགས་བཅོལ་ལྟར། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་མཐུན་ཉིན་ཤས་གོང་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་སོ་སོར་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་དྲན་རྟེན་དངོས་པོ་བརྒྱུད་སྤྲོད་གནང་བ་རེད། འདི་ནི་ཚེས་24ཉིན་གྱི་ཉིན་དགུང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཅེས་ཆབ་མདོ་གྲོང་ཁྱེར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པས་གནང་བའི་དྲན་རྟེན་དངོས་པོ་བརྒྱུད་སྤྲོད་གནང་བཞིན་པ།

    ཀྲུང་དབྱང་སྐུ་ཚབ་ཚོགས་པའི་མངགས་བཅོལ་ལྟར་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་བཅས་ཆབ་མདོ་དང་། ཉིང་ཁྲི། ལྷ་ས། མངའ་རིས་བཅས་སུ་སོ་སོར་ཕེབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་སོགས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་དྲན་རྟེན་དངོས་པོ་སྣ་ཁ་མང་པོ་ཞིག་བརྒྱུད་སྤྲོད་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་བརྒྱུད་བསྒྲགས་གནང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་དྲིན་ཚོར་བ་དང་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་སྔར་བས་གཅིག་སྡུད་ཐུབ་པར་བྱས་ཡོད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་པད་མ་དབང་འདུས་དང་ལིའུ་ཅང་རྣམ་གཉིས་བརྒྱུད་སྤྲོད་མཛད་སྒོར་སོ་སོར་ཞུགས་པ་རེད།

    ཚེས་24ཉིན་གྱི་ཉིན་དགུང་། ཝུའུ་དབྱིང་ཅེ་ཆབ་མདོ་གྲོང་ཁྱེར་དུ་ཕེབས་ནས་ཆབ་མདོ་གྲོང་ཁྱེར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པས་གནང་བའི་དྲན་རྟེན་དངོས་པོ་བརྒྱུད་སྤྲོད་གནང་བ་རེད།

    ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་ཞིང་། འདི་ལོའི་ཟླ་བདུན་པར་སྐུ་ངོ་མ་བོད་དུ་གཟིགས་ཞིབ་གནང་བར་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་འཚམས་འདྲི་གནང་བ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ། ཉེ་དུས་སླར་ཡང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ། བོད་དུ་ཕེབས་ནས་ང་ཚོ་དང་མཉམ་དུ་བསྐལ་བཟང་རྫོགས་ལྡན་དུས་མཉམ་རོལ་དང་དུས་ཆེན་ལ་རྟེན་འབྲེལ་ཞུས་གནང་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བརྩེ་སེམས་ཟབ་མོ་དང་སྨོན་འདུན་བཟང་པོ་མཚོན་པར་གནང་བ་མ་ཟད། རྟེན་འབྲེལ་གྱི་བྱེད་སྒོའང་རབ་དང་རིམ་པ་སྤེལ་བ་རེད། རྟེན་འབྲེལ་ཆེ་མོའི་བྱེད་སྒོ་ཡོངས་བརྗིད་ཉམས་ཆེ་ལ་རྔམ་བརྗིད་ལྡན་པ་ཞིག་ཡོད་པས་ལོ་ངོ་70ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། སེམས་གཏིང་ནས་ཏང་གི་བཀའ་དྲིན་ཚོར་བ། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་པ་དང་། དུས་རབས་གསར་པའི་བོད་ཀྱི་བྱ་གཞག་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་བློ་སྟོབས་འཕེལ་བར་བྱས་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་ཏང་ཀྲུང་དབྱང་གིས་གནང་བའི་དྲན་རྟེན་དངོས་པོ་དེ་དག་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་དགོས་མཁོ་དངོས་ལ་བསམ་གཞིག་གང་ལེགས་གནང་ཡོད་ལ། མི་རིགས་ཀྱི་གོམས་སྲོལ་དང་ཡང་འཚམ་པས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་གང་ལེགས་མཚོན་ཡོད། ཆབ་མདོ་གྲོང་ཁྱེར་དང་འབྲེལ་ཡོད་སྡེ་ཚན་གྱིས་དྲན་རྟེན་དངོས་པོ་སྤྲོད་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་། དེ་བཞིན་རྒྱལ་ཡོངས་མི་དམངས་ཀྱི་ཐུགས་ཁུར་ཞིང་འབྲོག་ཁུལ་དུ་བརྒྱུད་བསྒྲགས་དང་ལས་བྱེད་པ་དང་མང་ཚོགས་ཚང་མར་བརྒྱུད་སྤྲོད་བྱེད་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེ་ད་དུང་ཆེད་མངགས་རླངས་འཁོར་ནང་བསྡད་ནས་སྤྱི་ལེ་300ཙམ་བསྐྱོད་དེ་བོད་ཀྱི་བཅིངས་འགྲོལ་གྲོང་ཚོ་དང་པོ་སྟེ། འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་སྐམ་ཐོག་གྲོང་ཚོར་ཕེབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་བརྒྱུད་བསྒྲགས་གནང་བ་མ་ཟད། ཞིང་འབྲོག་མང་ཚོགས་ཚོར་དྲན་རྟེན་དངོས་པོ་སྤྲད་གནང་བ་རེད། གནས་ཚུལ་དེ་ཐོས་རྗེས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཚོས་ལག་ཏུ་ཁ་བཏགས་འཁྱེར་ནས་རང་འགུལ་ངང་ཕེབས་བསུར་བཅར་ཞིང་། མང་ཚོགས་ཀྱི་ཁྲོད་དུ་ཝུའུ་དབྱིང་ཅེས། ལོ་ངོ་70ཡི་གོང་དམག་སྡེ་བཅོ་བརྒྱད་པས་འདི་གར་ཆབ་མདོའི་གཡུལ་འགྱེད་ཀྱི་མེ་མདའ་དང་པོ་བརྒྱབ་པ་དང་སྐམ་ཐོག་གྲོང་ཚོར་བཅིངས་འགྲོལ་ཐོབ་ནས་བོད་དུ་སྐར་ལྔའི་དར་དམར་སྒྲེང་ཡུལ་ཐོག་མ་དེར་གྱུར་ཡོད། དུས་དེ་ནས་བཟུང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོར་རང་ཁྱིམ་རང་བདག་བྱུང་བ་དང་། ཏང་གི་འགོ་ཁྲིད་འོག་འཕེལ་རྒྱས་དང་ཡར་ཐོན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། ད་ཐེངས་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་མངགས་བཅོལ་ལྟར། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་མཐུན་གཙོ་བོ་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་དྲན་རྟེན་དངོས་པོ་བརྒྱུད་སྤྲོད་བྱེད་པར་སྐྱོད་སྐབས་ང་སླར་ཡང་སྐམ་ཐོག་གྲོང་ཚོར་སླེབས་བྱུང་། ཏང་གི་འགོ་ཁྲིད་འོག་སྐམ་ཐོག་གྲོང་ཚོ་དེ་སྔའི་དུད་ཚང་20ལྷག་ཙམ་ནས་ད་ལྟའི་དུད་ཚང་100ལྷག་ཙམ་བར་མང་དུ་སོང་བ་དང་། འགྲོ་ལམ་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ལ་འགྱུར་ལྡོག་ཆེན་པོ་བྱུང་བ། མི་རིགས་ཁག་གི་མང་ཚོགས་འབྱོར་ཕྱུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་བཅས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། ཚང་མས་ཏང་དང་མེས་རྒྱལ་ལ་སྔར་བས་དགའ་ཞེན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་སྔར་བས་གོང་བཀུར། མི་རིགས་མཐུན་སྒྲིལ་ལ་སྔར་བས་སྲུང་སྐྱོང་བཅས་བྱས་ཏེ། གསར་བརྗེའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་དང་། ཝུའུ་དབྱིང་ཅེས་སྐམ་ཐོག་གྲོང་ཚོའི་ཏང་ཡོན་རྒན་གྲས་ཉི་མ་ཚེ་རིང་གི་ཁྱིམ་དུ་དྲན་རྟེན་དངོས་པོ་སྤྲད་གནང་བ་མ་ཟད། ཁོང་གི་ནང་མི་ཚོའི་འཚོ་བ་དང་ལས་ཀའི་གནས་ཚུལ་ཡང་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། བགྲེས་སོང་གི་གཟུགས་པོ་ཐང་ལ་ཕྲུ་གུ་ཚོའི་བྱ་གཞག་ཁག་ལ་གྲུབ་འབྲས་ཐོབ་པ་མཁྱེན་སྐབས། ཝུའུ་དབྱིང་ཅེ་དགྱེས་ཚོར་ཆེན་པོ་བྱུང་ནས་ཁོང་ཚོའི་ནང་མི་ཚང་མ་བདེ་སྐྱིད་ཁམས་བཟང་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་པ་རེད།

    ཚེས་22ཉིན་གྱི་ཕྱི་དྲོ། བློ་བཟང་རྒྱལ་མཚན་གྱིས་ཉིང་ཁྲི་གྲོང་ཁྱེར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་སོགས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་དྲན་རྟེན་དངོས་པོ་མང་དག་ཅིག་བརྒྱུད་སྤྲོད་གནང་བ་རེད།

    མཛད་སྒོ་མཇུག་འགྲིལ་རྗེས། བློ་བཟང་རྒྱལ་མཚན་དང་བཅས་པས་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཕུར་བུ་རྡོ་རྗེའི་ཁྱིམ་དང་དེ་བཞིན་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་སུན་ཅིན་ཀྲུའུ་ཡི་ཁྱིམ་ལ་འཚམས་འདྲི་གནང་ནས་ཁོང་ཚོར་དྲན་རྟེན་དངོས་པོ་སྤྲད་གནང་བ་དང་འབྲེལ། ཁོང་ཚོ་བརྒྱུད་ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་ཁག་གི་བུ་ཕྲུག་ཚོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟབ་བཞེས་དང་རྒྱལ་ཡོངས་མི་དམངས་ཀྱི་སྨོན་འདུན་བཟང་པོའང་བརྒྱུད་བསྒྲགས་གནང་བ་རེད།

    ཚེས་21ཉིན་གྱི་ཕྱི་དྲོ། ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་སོགས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་དྲན་རྟེན་དངོས་པོ་མང་དག་ཅིག་བརྒྱུད་སྤྲོད་གནང་བ་དང་། ཡན་ཅིན་ཧའེ་དྲན་རྟེན་དངོས་པོ་རྩིས་ལེན་པའི་བྱེད་སྒོར་ཞུགས་པ་རེད།

    མཛད་སྒོ་མཇུག་འགྲིལ་རྗེས། ཆེ་དགྲ་ལྷ་དང་ཡན་ཅིན་ཧའེ་དང་བཅས་པ་རྒྱལ་ཡོངས་ཀྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པ་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཟླ་བ་གཞོན་པའི་ཁྱིམ་དུ་ཕེབས་ཏེ་དྲན་རྟེན་དངོས་པོ་སྤྲད་གནང་བ་རེད། ཆེ་དགྲ་ལྷས། གཙོ་འཛིན་གྱི་ཐུགས་ཁུར་ལ་གོ་བ་གཏིང་ཟབ་བླངས་ཏེ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་ལས་ཀའི་ཕྱོགས་གང་སར་དོན་འཁྱོལ་ཏན་ཏིག་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    ཚེས་22ཉིན་གྱི་ཕྱི་དྲོ། ཡན་ཅིན་ཧའེ་ཡིས་མངའ་རིས་ས་ཁུལ་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པས་གནང་བའི་དྲན་རྟེན་དངོས་པོ་བརྒྱུད་སྤྲོད་གནང་བ་རེད།

    དེ་རྗེས་ཡན་ཅིན་ཧའེ་དང་བཅས་པ་སྒར་རྫོང་བདེ་སྐྱིད་གྲོང་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་ཕེབས་ཏེ། གནས་སྤོས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། གྲོང་མི་བསྟན་འཛིན་ཚེ་དགའི་ཁྱིམ་དུ་འཚམས་འདྲིར་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་དྲན་རྟེན་དངོས་པོ་སྤྲད་གནང་བ་མ་ཟད། ཡུལ་མི་ཚོའི་འཚོ་བ་ཇེ་ལེགས་སུ་འགྲོ་བའི་སྨོན་འདུན་ཡང་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།