ཚེས་15ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་ཏེ། འཕེལ་སྒྱུར་ཨུ་ལྷན་གཞུང་ལས་ཐོག་ཁང་དང་དེ་བཞིན་ཞོར་གཏོགས་སྒྲིག་བཀོད་སྒྱུར་བཀོད་ཉམས་གསོའི་རྣམ་གྲངས་ལག་བསྟར་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་བ་དང་བོད་ལྗོངས་ལས་དོན་ཨུ་ལྷན་གཞུང་དོན་ཁྲུའུ་ཡི་གནས་ཡུལ་རྙིང་པའི་སྒྲིག་གཤོམ་འགྲེམས་སྟོན་ལ་གཟིགས་སྐོར་དང་སློབ་སྦྱོང་ཡང་གནང་བ་རེད། ཁོང་གིས་གསར་བརྗེའི་བྱེད་སྒོའི་གནས་ཡུལ་རྙིང་པ་ཚང་མ་ནི་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་དཔང་པོ་གལ་ཆེན་དང་ཕུགས་བསམ་དང་དད་སེམས་ཀྱི་གསོན་ཉམས་དོད་པའི་བསླབ་གཞི་ཡིན་པས་གསར་བརྗེའི་སློབ་གསོའི་རྟེན་གཞིའི་ནུས་པ་གང་ལེགས་བཏོན་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གོ་རིམ་ལྡན་པའི་ངང་སྤྱི་ཚོགས་ལ་ཕྱོགས་ནས་སྒོ་ཕྱེ་སྟེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཅང་ཅེས་བསྟན་དོན། གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆར་གང་ལེགས་བརྟེན་པ་དང་། སྔོག་འདོན་གཏིང་ཟབ། གསོན་ཉམས་དོད་པོས་བེད་སྤྱོད་དང་བེད་སྤྱོད་ཡག་པོ་བཅས་བྱས་ཏེ་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་སྔོག་འདོན་དང་བསྡུ་རུབ་གང་ལེགས་བྱས་ཏེ། འགྲེམས་སྟོན་གྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་དྲ་ཐོག་དང་དྲ་ཕྱི་སོགས་ཀྱི་ཐབས་ལམ་སྣ་ཚོགས་སྤྱད་ནས་ཏང་གི་ལོ་རྒྱུས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་དེ་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་དེ་བས་ཕུན་སུམ་ཚོགས་པའི་གསར་བརྗེའི་བསམ་པའི་རྒྱགས་ཕྱེ་མཁོ་འདོན་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལོ་རྒྱུས་ཀྱི་རང་རྟོགས་ལ་ཤུགས་སྣོན་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན། བློ་མཐུན་ཀྲང་ཅིང་ཝུའུ་ཡིས་དམིགས་ཡུལ་ལག་བསྟར་བྱས་པའི་དམངས་ལ་འཆང་བའི་བརྩེ་སེམས་སློབ་སྦྱོང་ནན་ཏན་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་ཞབས་འདེགས་ཞུ་མཁན་ཞིག་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཆབ་སྲིད་སློབ་སྦྱོང་དང་ལས་སྒོའི་ལས་དོན“ཟུང་འབྲེལ་གྱི་ལེའུ”ཡག་པོ་བརྩམས་ཏེ་རྒྱུན་ཆད་མེད་པར་ཐོག་མའི་བསམ་འདུན་ལ་ཞུན་བརྡར་དང་འགན་འཁྲིར་ཉམས་ཞིབ་བྱས་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།