དབུ་ཤོག>སྲིད་དོན།
  • ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཕྱི་དོན་ལས་དོན་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-14

    ཚེས་10ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད་ཕྱི་དོན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཕྱི་དོན་ལས་དོན་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ཕྱི་ཕྱོགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་དམངས་ཁྲོད་ཕྱི་འབྲེལ་ལས་དོན་གྱི་ཆེད་དོན་ཚོགས་འདུ་དང་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་2021ལོ་འཁོར་གྱི་ཏང་གི་ཕྱི་ཕྱོགས་འབྲེལ་གཏུག་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བཅས་བྱས་ནས། འབྲེལ་ཡོད་ཞིབ་ཕྲའི་གནད་དོན་ལ་ཞིབ་འཇུག་དང་རང་ལྗོངས་ཀྱི་ཕྱི་དོན་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ལྗོངས་ཏང་ཨུད་ཕྱི་དོན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་ཏང་ཨུད་ཕྱི་དོན་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་ཅང་ཅེ། ལིའུ་ཅང་། དབང་ཧའེ་ཀྲོའུ་བཅས་ཚོགས་འདུར་ཞུགས་པ་རེད།

    ཝུའུ་དབྱིང་ཅེས་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་ཕྱི་དོན་དང་མཐའ་སྟོབས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། “སྤྱི་ཡོངས་གཉིས”དང“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་འཆང་བ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ། སྤྱི་ཁྱབ་ཧྲུའུ་ཅིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བཅས་བྱས་ཏེ། བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། ཕྱི་ཕྱོགས་དྲིལ་བསྒྲགས་དང་། ཕྱི་ཕྱོགས་རོགས་སྐྱོར། ཕྱི་ཕྱོགས་དང་འགྲོ་འོང་སོགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ། ཏང་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་སྤྱི་ཡོངས་ལ་བརྩི་བཀུར་དང་ཞབས་འདེགས་ཧུར་ཐག་ཞུ་བ་བཅས་བྱས་ནས། བོད་ཀྱི་ཕྱི་དོན་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    ཏང་གིས་ཕྱི་དོན་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། རིམ་ཁག་ཏང་ཨུད་ཀྱིས“ཏང་གིས་ཕྱི་དོན་ལ་དོ་དམ་དང་། ཕྱི་དོན་ལས་དོན་ལ་དབང་ཆ་སྤྲོད་རྒྱུར་ཚད་བཀག་ཡོད་པ། ཕྱི་དོན་དོན་ཆུང་མིན་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཕྱི་དོན་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་གནས་བབ་གལ་ཆེན་ཐོག་བཞག་ནས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་འཆར་འགོད། སྲིད་ཇུས་གཏན་འཁེལ་བཅས་ཀྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། ལྗོངས་ཏང་ཨུད་ཕྱི་དོན་ཨུ་ལྷན་དང་དེ་བཞིན་གཞུང་ལས་ཁང་གིས་སྤྱི་འདོམས་མཐུན་སྦྱོར་དང་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་སོགས་ཀྱི་འགན་ནུས་ལག་བསྟར་ཡག་པོ་བྱས་ཏེ། ཕྱི་དོན་གྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ་སྡེ་ཚན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་རང་འགན་རང་འཁུར་གྱིས་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།

    མཐའ་མཚམས་མི་སེར་གྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཤིང་། གཟིགས་སྐྱོང་སྲིད་ཇུས་བཟོ་བ་དང་། མཐའ་མཚམས་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་མུ་མཐུད་ལག་ལེན་གཏིང་ཟབ་བསྟར་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་ལ་སྐུལ་འདེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ། ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ། “མཐའ་མཚམས་ཡུལ་སྐོར”གྱི་སྤུས་རྟགས་ཡག་པོ་གཏོད་པ། མཐའ་མཚམས་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་བྱས་ཏེ། མཐའ་མཚམས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

    མིག་སྔའི་གཙོ་གནད་ལས་དོན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས། མུ་མཐུད་རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་སྟེ་ལས་ཀ་བྱེད་པ་དང་། གནད་དོན་ཚབས་ཆེན་མི་ཐོན་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ་བཅས་བྱས་ཏེ། མཐའ་མཚམས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་དང་མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། མཐའ་མཚམས་ས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་རིམས་ནད་མངའ་ཁོངས་ནང་མ་མཆེད་པའི་སྔོན་འགོག་བྱེད་དགོས།

    ཕྱི་དོན་དང་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་ཤིང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་ཆེན་པོར་བརྟེན་ནས་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། འཛམ་གླིང་ཡོངས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་དམངས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་མཚོན་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་མཚོན་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་མཚོན་པ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་སྙིང་དབུས་ནས་གོང་བཀུར་ཞུ་ལུགས་དང་ཏང་ཀྲུང་དབྱང་ལ་སྙིང་དབུས་ནས་བརྩི་བཀུར་ཞུ་ལུགས་མཚོན་པ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།