དབུ་ཤོག>སྲིད་དོན།
  • ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་བརྡ་ཁྱབ་དང་དཔལ་འབྱོར་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-13

    ཚེས་10ཉིན། ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་བརྡ་ཁྱབ་དང་དཔལ་འབྱོར་ལས་དོན་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ། ཀྲང་ཡུང་ཙེ། ལུའོ་མེ། འཇམ་དཔལ། ཀྲང་ཧུང་པོ། རེན་ཝུའེ། ཕུར་བུ་དོན་གྲུབ། ཝང་ཡུང་བཅས་ཚོགས་འདུར་ཞུགས་པ་རེད།

    ཆེ་དགྲ་ལྷས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་ཐུགས་ཁུར་དང་བྱམས་སྐྱོང་འོག་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། བདེ་འཇགས་བརྟན་ལྷིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ལ་སྤྱི་འདོམས་བྱས་པས། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་ཐོག་བཟང་སྒྲིག་དང་། བརྟན་ཐོག་བརྟན་གཏོང་། བརྟན་ཐོག་ལེགས་བརྩོན། བརྟན་ཐོག་མྱུར་འཕེལ་བཅས་བྱུང་བ་དང་། གཞི་ཆེའི་དམིགས་ཚད་ལུགས་མཐུན་བར་མཐོངས་སུ་གནས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཕེལ་རིམ་ཡག་པོ་བྱུང་ཡོད། 

    རིམ་རྩིས་བྱས་ན་ཞིང་འབྲོག་པ་ཁྲི་51.1ལས་ཞུགས་གཞན་སྒྱུར་ཐུབ་པ་དང་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས་12.8%འཕར་ཡོད་ཅེས་གསུངས་པ་རེད།

    ཆེ་དགྲ་ལྷས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་དང་། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུའི་བླང་བྱར་གཞིགས་པ། བརྟན་ཐོག་ཡར་འཕེལ་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས། མིག་སྔའི་དཔལ་འབྱོར་འཁོར་རྒྱུག་གི་རྣམ་པར་སྟངས་འཛིན་ཡང་དག རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་མུ་མཐུད་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་ཡག་པོ་གཏོང་བ། དམངས་འཚོ་འགན་ལེན་དང་། བདེ་འཇགས་ཐོན་སྐྱེད། གྲོང་གསེབ་དར་རྒྱས། ལས་ཞུགས་གཞན་སྒྱུར་སོགས་ཀྱི་ལས་དོན་ལ་དམ་འཛིན་ནན་པོ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔར་བས་མངོན་འགྱུར་བྱེད་དགོས། བོད་སྐྱོར་ལས་དོན་ཚོགས་འདུ་རབ་དང་རིམ་པའི་དགོངས་དོན་དོན་འཁྱོལ་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ། ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ཚོགས་ཆེན་གྱི་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། “3+4”ཐོན་ལས་གོང་འཕེལ་ལ་དམ་འཛིན་ཡག་པོ་བྱས་ཏེ། ལྗོངས་ནང་ཁུལ་གྱི་འཛད་སྤྱོད་སྔོག་འདོན་ཧུར་ཐག་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ལ་དམ་འཛིན་ཡག་པོ་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ཡག་པོ་བྱེད་པ། དམངས་འཚོ་ལེགས་གཏོང་ལ་དམ་འཛིན་བྱས་ཏེ་དམངས་འཚོའི་བྱ་བ་དངོས་13ཡག་པོ་སྒྲུབ་པ། སྒྱུར་བཅོས་ཟབ་ཏུ་གཏོང་བར་དམ་འཛིན་ཡག་པོ་བྱས་ཏེ་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཡ་རབས་ཁྱིམ་ཚང་འཛུགས་སྐྱོང་སོགས་ལ་སྤྱི་འདོམས་བྱེད་པ། མཐའ་སྟོབས་བརྟན་སྲུང་ལ་དམ་འཛིན་ཡག་པོ་དང་སྲིད་ཇུས་ཡག་པོ་སྤྱད་དེ་མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་དགོས། རྟེན་འབྲེལ་ཆེན་པོའི་གྲ་སྒྲིག་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཆེན་པོར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་ཆེད་བདེ་འཇགས་ཞི་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།