དབུ་ཤོག>སྲིད་དོན།
  • ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-13

    ཚེས་10ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ལས་དོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ། འབྲེལ་ཡོད་ཀྱི་ཞིབ་ཕྲའི་དོན་དག་ལ་ཞིབ་འཇུག འབྲེལ་ཡོད་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་ཅང་དང་ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་ཞུགས་མི་སྣའི་གཏམ་བཤད་གསན་རྗེས་ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་བ་གཏིང་ཟབ་ཚོར་བར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ལས་ཁུངས་ཀྱི་སྒྲིག་གཞིའི་ལས་དོན་ལ་བཏོན་གནང་བའི་བླང་བྱ་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ། ལག་བསྟར་དོན་འཁྱོལ་གྱི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་ལས་ཁུངས་ཀྱི་སྒྲིག་གཞིའི་ལས་དོན་ཡག་པོ་སྒྲུབ་པའི་སྒུལ་ཤུགས་ཆེན་པོར་ཏན་ཏིག་འགྱུར་བར་བྱེད་དགོས།

    སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་དགོས་ཤིང་། “སྤྱི་ཡོངས་གཉིས”སེམས་ལ་ངེས་པ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ། ཆབ་སྲིད་ཀྱི་ཐད་ནས་བསམ་གཞིག་དང་སྤྱི་ཡོངས་ཀྱི་ཐད་ནས་བསམ་བློ་མཐའ་འཁྱོངས་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་འཐབ་ཇུས་གནས་བབ་ལ་ངོས་འཛིན་གཏིང་ཟབ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། གནད་འཁེལ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་དེར་མཉམ་འདྲེས། ལས་ཁུངས་ཀྱི་སྒྲིག་གཞིའི་ལས་དོན་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ཏུ་བཞག་ནས་འཆར་འགོད། སྒྲིག་སྲོལ་དང་ལམ་སྲོལ་གྱི་འགན་ལེན་ནུས་པ་ཕྱོགས་ཡོངས་ནས་འདོན་པ་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས།

    ཏང་གིས་ལས་ཁུངས་ཀྱི་སྒྲིག་གཞིར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཏང་གིས་འགོ་ཁྲིད་བྱེད་པ་ལས་ཁུངས་ཀྱི་སྒྲིག་གཞིའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་ལས་ཁུངས་ཀྱི་སྒྲིག་གཞིའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་ཏན་བསྟར་བའི་ཐད་ཤུགས་སྣོན་བརྒྱབ་སྟེ་གནད་དོན་གལ་ཆེན་ཐག་གཅོད་ཧུར་ཐག་བྱེད་དགོས། རིམ་ཁག་ཏང་ཨུད་སྒྲིག་གཞི་ཨུ་ལྷན་དང་སྒྲིག་གཞི་གཞུང་ལས་ཁང་གིས་སྒྲིག་གཞི་ཨུ་ལྷན་གྱི་ལས་དོན་གྱི་སྒྲིག་སྲོལ་དང་། སྒྲིག་གཞི་གཞུང་ལས་ཁང་གི་ལས་ཀའི་ཞིབ་སྲོལ། ལས་ཁུངས་ཀྱི་སྒྲིག་གཞིར་ཞིབ་མཆན་འགོད་པའི་བརྒྱུད་རིམ་བཅས་ལག་ལེན་ནན་པོ་བསྟར་ཏེ་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

    སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ལས་ཁུངས་ཀྱི་སྒྲིག་གཞིའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱག་དགོས། དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི་དགོས་མཁོ་དང་རང་འགུལ་ངང་འཚམ་པ་དང་། སྒྲིག་གཞིའི་ཐོན་ཁུངས་ལ་སྤྱི་འདོམས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཁུངས་ཀྱི་སྒྲིག་གཞིར་དབྱེ་ཞིབ་དང་ཚོད་སྐོར་ཧུར་ཐག གྲངས་གཞི་བསྡོམས་རྩིས་ལ་ཤུགས་སྣོན། དགོས་མཁོར་གནད་སྨིན་ངང་ཚད་ལེན་ཞིབ་རྩིས་བཅས་བྱས་ཏེ། ལས་ཁུངས་ཀྱི་སྒྲིག་གཞི་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། མི་སྣ་འདེམས་སྤྱོད་སྐོར་གྱི་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་ཆེད་དོན་ཞིབ་བཤེར་གྱི་ཚུར་ལན་བསམ་འཆར་གྱི་དག་ཐེར་ལས་དོན་ཡག་པོ་སྒྲུབ་དགོས། ལས་བྱེད་པའི་དཔུང་ཁག“ནང་འདྲེན་གྱི་འགག་སྒོ”སྔར་བས་ནན་པོ་བསྲུངས་ནས་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་དཔུང་ཁག་གི་བྱང་ཚད་མཐོ་རུ་བཏང་སྟེ་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་ཅིག་ཏན་ཏིག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།