དབུ་ཤོག>སྲིད་དོན།
  • རྒྱལ་ཡོངས་དམངས་སྲིད་ཁོངས་གཏོགས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྐུལ་སྤེལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-09

    ཉེ་ཆར། རྒྱལ་ཡོངས་དམངས་སྲིད་ཁོངས་གཏོགས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྐུལ་སྤེལ་ཚོགས་འདུ་ཐེངས་གསུམ་པ་ལྷ་སར་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། དམངས་སྲིད་པུའི་ཏང་ཙུའི་ཁོངས་མི་དང་། པུའུ་ཀྲང་གཞོན་པ། དམངས་སྲིད་པུའི་བོད་སྐྱོར་ཤིན་སྐྱོར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀའོ་ཞའོ་པིང་གིས་གསུང་བཤད་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་ཚོགས་འདུར་ཞུགས་པ་རེད།

    ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ཏེ། དམངས་སྲིད་པུའུ་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག རྒྱལ་ཡོངས་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་བཅས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་དམངས་སྲིད་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་དམངས་སྲིད་པུའུ་དང་། རྒྱལ་ཡོངས་དམངས་སྲིད་ཁོངས་གཏོགས། དེ་བཞིན་རྒྱལ་ཡོངས་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་བཅས་ཀྱིས་བོད་ཀྱི་དམངས་སྲིད་རྣམ་གྲངས་དང་། སྤྱི་ཚོགས་རྩ་འཛུགས་ཀྱི་སྐྱོང་གསོའི་རྟེན་གཞི་གསར་སྐྲུན་རྣམ་གྲངས། གཞི་རིམ་དམངས་སྲིད་སྡེ་ཚན་ཁག་གིས་སྤྱི་ཚོགས་ཀྱི་ཞབས་ཞུ་ཉོ་སྒྲུབ་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད། རང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་ཏེ། རོགས་སྐྱོར་ཐོབ་པའི་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ། ལས་དོན་གྱི་ཕན་འབྲས་དངོས་ལ་བརྟེན་པ་བཅས་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་དེ་བས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    ཀའོ་ཞའོ་པིང་གིས། རྒྱལ་ཡོངས་དམངས་སྲིད་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། རིམ་ཁག་དམངས་སྲིད་སྡེ་ཚན་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་དམངས་སྲིད་པུའི་ཏང་ཙུའི་བླང་བྱ་གཞིར་བཟུང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་དང་། ཁ་གཏད་བོད་སྐྱོར་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། འགོ་འཛུགས་ས་མཐོ་བ་དང་བླང་བྱ་ནན་པོའི་ཐོག་ནས་ཁ་གཏད་བོད་སྐྱོར་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ། མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་གནད། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ་གནད་སྨིན་ཤུགས་འདོན་བཅས་བྱས་ནས། བོད་ལྗོངས་སོགས་ཀྱིས་གཞི་རྩའི་དམངས་འཚོ་འགན་ལེན་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། གཞི་རིམ་གྱི་སྤྱི་ཚོགས་ཞབས་ཞུ། ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བཅས་ལ་དམ་འཛིན་ཡག་པོ་བྱེད་པར་གཙོ་གནད་ཐོག་རོགས་སྐྱོར་བྱས་ཏེ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་དམངས་སྲིད་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།