དབུ་ཤོག>སྲིད་དོན།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-09

    ཟླ་8ཚེས་6ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ཟླ་7ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་སློབ་སྦྱོང་། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག རང་ལྗོངས་ཀྱི་མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་བཀོད་སྒྲིག བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་བཅས་བྱས་པ་མ་ཟད། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་པ་ཁག་དང་སྡེ་ཚན་ཁག་དང་བོད་སྡོད་དཔུང་སྡེ་བཅས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་བྱས་ཐོག 

    ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་བསམ་བློའི་ངོས་འཛིན་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ང་ཚོར་དཀྲིས་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཟབ་མོ་ཡོང་བར་སྔར་བས་སྐུལ་འདེད་གཏོང་བ་དང་། དམག་དཔུང་དང་ས་གནས་དབར་གྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཛུགས་སྐྲུན་བཅས་བྱས་ནས་དཔལ་འབྱོར་དང་། སྤྱི་ཚོགས། མཐའ་སྲུང་བཅས་ཀྱི་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་དང་མཐའ་མཚམས་མི་སེར་གྱི་འཚོ་བ་ལེགས་སུ་དང་མཐའ་སྲུང་གི་སྟོབས་ཤུགས་དུས་མཚུངས་སུ་ཆེ་རུ་གཏོང་དགོས། “ཐུན་མོང་ལྔ་དང་སྲ་བརྟན་ལྔའི”བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་སྤེལ་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་མཐའ་བརྟན་མཐའ་དར་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དམག་བཀུར་ཁྱིམ་སྐྱོང་གི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ནས་རང་འགུལ་ངང་དཔུང་སྡེ་དང་། ལས་སྒྱུར་དམག་མི། དཔུང་སྡེའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ། སྔོན་གཤེགས་དཔའ་བོའི་ནང་མི་བཅས་ཀྱི་སེམས་ཁྲལ་དང་དཀའ་ངལ་ཧུར་ཐག་བསལ་ནས། ནུས་ཤུགས་ཡོད་རྒུས་དམག་ཞབས་ཐིམ་པའི་དམག་མིའི་ལས་ཀ་བཀོད་སྒྲིག་ཐུབ་པའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ས་ཁུལ་དང་གྲོང་ཁྱེར་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས། གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེ་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་མུ་མཐུད་དམ་འཛིན་ནན་པོ་བྱེད་དགོས། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རང་ལྗོངས་ཀྱི་གསང་སྤྱོད་གསར་བརྗེའི་ལག་རྩལ་དང་འཆར་གཞིར་སྔར་བས་ཞིབ་འཇུག་འཚོལ་ཞིབ་བྱས་ནས། དོན་དངོས་དང་འཚམ་པའི་གསང་སྤྱོད་གཙང་མའི་ཚད་གཞི་བཟོ་བ་དང་། གསང་སྤྱོད་གསར་བརྗེ་བྱེད་སྟངས་འོས་འཚམ་འདེམས་པ། ཆུ་འཚམ་སར་ཆུ་སྤྱོད་པ་དང་། ལུད་གསོག་འཚམ་སར་ལུད་གསོག་པ། ལོགས་བཀར་ལ་འཚམ་སར་ལོགས་བཀར་དབྱེ་བ། གཅིག་སྡུད་འཚམ་སར་གཅིག་སྡུད་བཅས་བྱས་ཏེ་བརྒྱ་ཁ་གཅིག་གཅོད་མི་བྱེད་པར་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་དང་། ཞིང་འབྲོག་མང་ཚོགས་ཀྱི་རང་འགུལ་ནུས་པ་འདོན་རྒྱུར་སྣང་ཆེན། ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་ངང་ཁྲིད་སྟོན། གྲངས་འབོར་མང་ཡང་སྤུས་ཚད་ལ་བསྟུན་པ་དང་མྱུར་ཚད་མགྱོགས་ཀྱང་ཕན་འབྲས་དངོས་ལ་བལྟ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་གསང་སྤྱོད་གཅིག་གསར་བརྗེ་བྱས་ཕྱིན་དེ་ལེགས་གྲུབ་ཡོང་བར་བྱེད་དགོས། ཡུལ་སྐོར་བྱ་ཡུལ་གྱི་གསང་སྤྱོད་དོ་དམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་སྤྱི་པའི་ཞབས་ཞུའི་དོ་དམ་གྱི་ཆུ་ཚད་མཐོ་རུ་བཏང་ནས། ཡུལ་སྐོར་བྱ་ཡུལ་དུ་གསང་སྤྱོད་སྤྱོད་ཉུང་བ་དང་གཙང་སྦྲ་ཡག་པོ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་ཤེས་དཔལ་ལྡན་པའི་ཡུལ་སྐོར་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

    ཚོགས་འདུའི་ཐོག་འདི་ལོ་ཚུན་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ཀྱི་རང་ལྗོངས་ཀྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལ་གཞིགས་ནས། ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་སྟེ་ལྷོད་གཡེང་དང་རྣམ་གཡེང་གི་བསམ་བློ་དང་། དམག་འཁྲུག་ལ་སུན་སྣང་སྐྱེ་བའི་བསམ་བློ། སྟེས་དབང་གི་བསམ་བློ། དམ་འཛིན་ལ་ལྷོད་གཡེང་བྱེད་པའི་སེམས་ཁམས་བཅས་ཁྱད་བསད་བྱས་ཏེ་སྔོན་འགོག་དང་ཚོད་འཛིན་དུས་བབ་ཀྱི་འཕེལ་ཕྱོགས་གསར་པ་དང་འགྱུར་ལྡོག་གསར་པར་དམ་པོར་དམིགས་པ་དང་། དུས་དང་རྣམ་པ་ཀུན་ཏུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲིའི་ཐད་རིག་པ་ལྕགས་སྐུད་བཞིན་དུ་སྒྲིམ་པ། མངའ་ཁོངས་སྲུང་བའི་འགན་འཁྲིར་གཡོ་འགུལ་མི་གཏོང་བ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བར་སླ་བཅོས་མི་བྱེད་མེད་པ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱེད་པར་ལྷོད་གཡེང་མེད་པ་བཅས་བྱེད་དགོས། ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞན་ཆ་སྔར་བས་འཚོལ་བ་དང་ཞན་ཆ་གསབ་རེས་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ལྟ་སྐུལ་ཞིབ་བཤེར་ནན་པོ། ཕྱོགས་ཡོངས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་སེལ་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་པོའི་བདེ་ཐང་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རེ་སྒུག་བྱེད་པའི་བཀྲ་ཤིས་པའི་བྱ་བ་ཞིག་ཀྱང་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟིགས་སྐྱོང་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་མངོན་པར་ཕན་ཐོགས་ཡོད་ལ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིར་སྙིང་དབུས་ནས་དད་གུས་དང་ཏང་ཀྲུང་དབྱང་ལ་སྙིང་དབུས་ནས་བརྩི་བཀུར་ཞུ་ལུགས་མཚོན་པར་ཡང་ཕན་ཐོགས་ཡོད། ང་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་དང་དེ་བཞིན་གཟབ་ནན་ཞིབ་ཚགས་དང་ཏན་ཏིག་ནུས་ལྡན་གྱི་ལས་ཀའི་སྤྱོད་ཚུལ་དང་། འགོ་འཛུགས་ས་མཐོ་བ་དང་། ཆུ་ཚད་མཐོ་བ། ལས་ཕྱོད་ཆེ་བ་བཅས་ལ་བརྟེན་ནས་རྟེན་འབྲེལ་ཆེ་མོའི་གྲ་སྒྲིག་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ་རྟེན་འབྲེལ་གྱི་མཛད་སྒོ་ཕུན་སུམ་ཚོགས་པོས་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།