དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོའི་ཚོཌ་ཆེན་ལ་ཞུཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-07

     ཚེས་3ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་གཙོ་སྐྱོང་གནང་སྟེ། མིག་སྔའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ལ་དབྱེ་ཞིབ་དང་ལྗོངས་ཡོངས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེར་དབྱེ་ཞིབ་གཏིང་ཟབ་གནང་ནས། ཏང་ཡོན་འགོ་ཁྲིད་ལས་བྱེད་པར་སྤྱོད་གཙང་རང་གཅུན་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཝང་ཝུའེ་ཏུང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་ཀྱི་སྣེ་ཁྲིད་དེ། བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་བར་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་མ་ཟད། ཕྱོགས་ཡོངས་ནས་སྲ་བརྟན་དང་འཕེལ་རྒྱས་ཀྱང་ཕྱིན་ཡོད། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་མོད། འོན་ཀྱང་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ། དེས་ན་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཚོས་ངེས་པར་དུ་ཆབ་སྲིད་ཀྱི་ཐོག་ནས་རུལ་སུངས་ཀྱིས་ཏང་གི་སྲིད་སྐྱོང་གི་རྩ་བའི་རྨང་གཞིར་གཏོར་བཤིག་ཆེན་པོ་གཏོང་བ་དང་གནོད་འཚེ་ཚབས་ཆེན་བཟོ་བ་མཐོང་ཐུབ་པ་བྱས་ཏེ། རུལ་སུངས་ཐད་ཆབ་སྲིད་ཀྱི་དོགས་ཟོན་རང་བཞིན་དང་ཆབ་སྲིད་ཀྱི་འགོག་ཟོན་ནུས་པ་ཆེ་རུ་གཏོང་བ་དང་། སྤྱོད་གཙང་དང་། འགན་སྒྲུབ། དབང་ཆ་སྤྱོད་པ་བཅས་བྱས་ནས་ཏང་གིས་དཀྲིས་པའི་འགན་འཁྲི་དང་ལས་འགན་གལ་ཆེན་ཕྲག་ཏུ་ཏན་ཏིག་འཁུར་དགོས་ཞེས་བསྟན་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།