དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོཌ་འདུར་ཟུར་ཞུགས་བྱེད་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-05

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གཅིག་པ་འཚོག་རིང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་བྱེད་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་ནས“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་འབྲེལ་ཡོད་ལམ་ལུགས་འཛུགས་སྐྱོང་དང་འཐུས་སྒོ་ཚང་དུ་གཏོང་བ་སོགས་ལ་གཙོ་གནད་ཐོག་དམིགས་ནས་ལས་ཀའི་ཉམས་མྱོང་སྤེལ་རེས་དང་བསམ་འཆར་དང་གྲོས་འགོ་གསན་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་གཞི་རིམ་གྱི་འཐབ་ས་དང་པོ་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་26གིས་རང་ཉིད་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”འཛུགས་སྐྱོང་གི་ལས་ཀའི་ཉམས་མྱོང་དང་བཀྲག་མདངས་འཚེར་ས་ལྷུག་པོར་གླེང་བ་དང་འབྲེལ། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”ཀྱི་ནུས་པ་སྔར་བར་འདོན་སྤེལ་བྱེད་པའི་ཐད་བསམ་འཆར་དང་གྲོས་འགོའང་བཏོན་པ་རེད། བློ་བཟང་རྒྱལ་མཚན་གྱིས་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་པ་དང་ཟིན་བྲིས་ཡང་ཡང་བསྐྱོན་ནས་འཐུས་མི་ཚོ་དང་སྤེལ་རེས་གཏིང་ཟབ་གནང་བ་རེད། ཁོང་གིས། འཐུས་མི་ཚོའི་གཏམ་བཤད་ལྷག་བསམ་རྣམ་དག་ཡིན་པ་དང་བཏོན་པའི་བསམ་འཆར་དང་གྲོས་འགོའང་བདེན་པ་བདེན་ཐུབ་ཡིན་པས་འབྲེལ་ཡོད་སྡེ་ཚན་གྱིས་གསེད་བཀྲོལ་དང་ཞིབ་འཇུག་ནན་ཏན་བྱས་ཏེ་མཐུན་སྦྱོར་དང་དོན་འཁྱོལ་ཡོང་བར་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་བྱེད་པའི་སྐར་ཁུང་དང་གཞི་རིམ་དུ“དོན་ཆེན་བཞི”དོན་འཁྱོལ་བྱེད་པའི་འཐབ་སར་འཛུགས་སྐྲུན་བྱས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་རྟེན་གཞི་བརྟན་པོ་ཞིག་བཙུགས་ཏེ་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པ་དང་། གནད་དོན་ཐག་གཅོད་དང་དཀའ་གནད་སེལ་བའི་ལས་སྟེགས་དང་དེ་བཞིན་མཐའ་སྲུང་མཐའ་དར། མཐའ་མཚམས་སུ་གཞི་ཚུགས་པའི་གཞི་རྟེན་བསྐྲུན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།