དབུ་ཤོག>སྲིད་དོན།
  • ཅང་ཅེས་ལྗོངས་ཏང་ཨུད་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་སྤྱི་ཚོགས་བྱ་གཞག་ཁྱབ་ཁོངས་སྒྱུར་བཅོས་ཆེད་དོན་ཚོགས་ཆུང་གི་ཚོཌ་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-05

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ལྗོངས་ཏང་ཨུད་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་སྤྱི་ཚོགས་བྱ་གཞག་ཁྱབ་ཁོངས་སྒྱུར་བཅོས་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ལས་དོན་འཕེལ་རིམ་སྐོར་གྱི་སྙན་ཞུ་གསན་པ་དང་སྦྲགས་གོམ་སྟབས་རྗེས་མའི་ལས་དོན་དང་ལས་འགན་ལ་ཞིབ་འཇུག་བཀོད་སྒྲིག་ཀྱང་བྱས་པ་རེད།

    ཅང་ཅེས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་སྒྱུར་བཅོས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ལྟར་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ནས། སྒྱུར་བཅོས་ལས་དོན་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱེད་དགོས། གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་དཀའ་གནད་ལ་དམིགས་ནས་འཇུག་གཞི་ཆུང་ཞིང་བྱ་སྤྱོད་མྱུར་བའི་སྒོ་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྒྱུར་བཅོས་ཀྱི་ཕན་པ་འཐོབ་པར་བྱེད་དགོས། ལས་ཀ་བྱེད་སྟངས་ལེགས་གཏོང་དང་གྲུབ་འབྲས་གཞན་སྒྱུར་གཙིགས་སུ་བཟུང་སྟེ། མང་ཚོགས་ཀྱིས་དོ་ཁུར་རྒྱ་ཁྱབ་བྱེད་པའི་སློབ་གསོ་དང་། སྨན་བཅོས། རྒན་གསོ། བུ་བཅོལ་སོགས་གླེང་མང་བའི་སྒྱུར་བཅོས་དོན་ཚན་ལ་དམིགས་ནས། སྒྱུར་བཅོས་བྱེད་ཐབས་མི་འདྲ་བ་གཏན་འཁེལ་བྱས་ཏེ་སྒྱུར་བཅོས་ཀྱི་དམིགས་ཚད་དང་ལས་འགན་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ལེགས་སྒྲུབ་བྱེད་པའི་འགན་ལེན་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་དང་ལས་ཀའི་འགན་འཁྲི་ནན་དུ་བཏང་སྟེ་དུས་བཀག་ལྟར་དཔྱད་ཞིབ་བྱེད་པ་དང་། ལས་འགན་ཚད་འབེབས་བྱེད་པ། དུས་བཀག་སྒྲུབ་གཉེར་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ། སྒྱུར་བཅོས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་ཐུབ་རྒྱུར་སྐུལ་འདེད་བཏང་ནས་ཕན་འབྲས་དངོས་ཐོན་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།