དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་2021ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-05

    ཚེས་2ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་2021ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། ཞིང་ཆེན་པུའུ་རིམ་པ་དང་ཐིང་ཅུས་རིམ་པའི་སྲིད་ཁྲིམས་ལས་བྱེད་པས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་འགོ་ཚུགས་མཛད་སྒོའི་དགོངས་དོན་སློབ་སྦྱོང་། ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས་པ། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ཁག་གཉིས་པའི་ལས་དོན་ལ་ཞིབ་འཇུག་བཅས་བྱས་པ་རེད།

    ཧོ་ཝུན་ཧའོ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱེད་པ་ནི་མིག་སྔའི་ལྗོངས་ཡོངས་གོང་འོག་ཚང་མའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། དེས་ན་སློབ་སྦྱོང་ཐད་ཤུགས་སྣོན་བརྒྱབ་ནས། བརྩེ་སེམས་ཀྱིས་ཕྱུག་བཞིན་སྦྱོང་བ་དང་། ཆ་ལག་ཚང་ཞིང་གཏིང་ཟབ་ངང་སྦྱོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ། ཕྱོགས་ཡོངས་དང་ཡོངས་ཁྱབ་ངང་སྦྱོང་བ། སྤྱི་འདོམས་ཟུང་འབྲེལ་གྱིས་སྦྱོང་བ། ཟབ་སྦྱོང་མཐིལ་རྟོགས་བྱེད་པ། སེམས་ལ་གཏིང་ཟབ་ཟུག་པ་བཅས་བྱེད་དགོས། གོ་བ་ལེན་པའི་ཐད་ཤུགས་སྣོན་བརྒྱབ་ནས། སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་རྟོག་ཞིབ་གནང་བའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”ཐུབ་པའི་ཚད་མཐོའི་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་དགོས། སྒྲོག་འགྲེལ་ཐད་ཤུགས་སྣོན་བརྒྱབ་ནས། བརྗོད་དོན་གཙོ་བོ་ཇུས་འགོད་ཞིབ་ཚགས་བྱེད་པ་དང་། ལག་ལེན་བསྟར་རྒྱུར་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མི་ཚང་མས་ཤེས་སུ་འཇུག་དགོས། ལག་ལེན་ཐོག་འཁྱོལ་བའི་ཐད་ཤུགས་སྣོན་བརྒྱབ་ནས། འགན་འཁྲི་ནན་དུ་གཏོང་བ་དང་འགན་འཁྲིར་གཞིས་ཚུགས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་དམིགས་སར་འཁྱོལ་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།