དབུ་ཤོག>སྲིད་དོན།
  • ཅང་ཅེས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལས་དོན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-02

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལས་དོན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་གསན་ཞིང་། ལས་ཞུགས་ཀྱི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་སྦྲགས། ལོ་སྨད་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཅང་ཅེས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། སྲིད་གཞུང་དང་ཁྲོམ་ར་གཉིས་ཀྱི་ནུས་པ་གང་ལེགས་འདོན་པ། རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བྱེད་སྟངས་དང་བྱ་ཐབས་གསར་གཏོད། སྲིད་ཇུས་ཀྱི་བྱ་ཐབས་ཞིབ་ཕྲ་བཟོ་བ་བཅས་བྱས་ཏེ་ཧེ་བག་འཚོལ་བ་དང་། ཞན་ཆ་སེལ་བ། ལྷུ་ཚིགས་ཉམས་ཞན་སྟོབས་ཆེར་གཏོང་བ། དཀའ་གནད་སེལ་བ་བཅས་བྱེད་དགོས། གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་པའི་ལས་ཞུགས་རྩལ་ནུས་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་ལས་ཞུགས་འབབ་འཕར་གྱི་ཁེ་སྤོགས་སྔར་བས་མང་བ་སྤྲད་དེ་ཞིང་འབྲོག་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་བྱ་དགའ་དང་ཆད་གཅོད་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དུས་ཐོག་ཏུ་ཉམས་མྱོང་ཕྱོགས་སྡོམ། བྱ་ཐབས་བཟང་པོ་ཁྱབ་གདལ་གཏོང་བ་བཅས་བྱས་ནས། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།