དབུ་ཤོག>སྲིད་དོན།
  • ཝུའུ་དབྱིང་ཅེས་ཉིང་ཅི་ཀྲི་བཅས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-31

     ཟླ་7ཚེས་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཅིག་ལྕོགས་ཉིང་ཅི་ཀྲི་བཅས་པ་དང་བཞུགས་མོལ་གནང་ནས“ལོ་ལྔ་ཚན་བཅུ་བཞི་པའི”བསྡོམས་རྩིས་བོད་སྐྱོར་ལས་དོན་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་ལ་སྤེལ་རེས་གཏིང་ཟབ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཅང་ཅེ་དང་ལིའུ་ཅང་བཅས་བཞུགས་མོལ་ལ་ཞུགས་པ་རེད།

    ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཉིང་ཅི་ཀྲི་དང་བཅས་པ་བོད་དུ་བརྟག་ཞིབ་གནང་བར་ཕེབས་ནས་རྒྱལ་ཡོངས་བསྡོམས་རྩིས་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ཁག་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཝུའུ་དབྱིང་ཅེས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ་བའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་གནང་བ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་ནས་འཚམས་འདྲི་གནང་བ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པ་དེ་ལས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་དམིགས་བསལ་གཟིགས་སྐྱོང་གནང་ལུགས་གང་ལེགས་མཚོན་ཡོད། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ལྕག་ལྡབ་འགྱུར་ཐེབས་པ་དང་། དྲོ་སྐྱིད་ལྡབ་བརྒྱ་ཚོར་བ། སེམས་ཤུགས་ལྡབ་བརྒྱ་འཕེལ་བ་བཅས་བྱུང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་མི་ཞུ་མཁན་གཅིག་ཀྱང་མེད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས། དུས་ཡུན་རིང་པོའི་ནང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཁ་གཏད་བོད་སྐྱོར་ལས་དོན་ལག་ལེན་བསྟར་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བོད་སྐྱོར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མིག་སྔར། བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱུགས་འབུལ་ལམ་བུ་གསར་པར་སྐྱོད་བཞིན་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་བསྡོམས་རྩིས་གྲངས་གཞིའི་དབྱེ་ཞིབ་བརྒྱུད་ང་ཚོར་ཐོན་ལས་ཀྱི་འཕེལ་རྒྱས་བསམ་ཕྱོགས་སྔར་བས་གསལ་བཟོ་དང་། འབྲེལ་ཡོད་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་མཛུབ་ཁྲིད། བོད་ཀྱི་ཁྱད་ལྡན་ཐོན་ལས“ལེགས་མ་ལེགས”དང“འདང་མི་འདང”གི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱེད་པར་རོགས་རམ་དང་། བོད་ཀྱི་བསྡོམས་རྩིས་བྱ་གཞག་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ང་ཚོས་བོད་ཀྱི་བསྡོམས་རྩིས་ལས་དོན་སྒྲུབ་ནུས་ཆེ་རུ་བཏང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་ལུགས་མཐུན་དང་། དོན་དངོས། ཇི་མ་ཇི་བཞིན་བཅས་ཀྱི་སྒོ་ནས་མཚོན་པ་དང་། རྒྱལ་ཡོངས་ས་གནས་གཞན་གྱི་མང་ཚོགས་ལ་ལོངས་སྤྱོད་བྱ་རྒྱུ་མེད་པའི་གཟིགས་སྐྱོང་སྲིད་ཇུས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ལོངས་སྤྱོད་བྱ་རྒྱུ་ཡོད་པ་མཚོན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟིགས་སྐྱོང་དེ་བས་ལེགས་པའི་ངང་མངོན་པར་བྱེད་པ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་མཚུངས་ཟླ་བྲལ་བའི་དྲོ་སྐྱིད་མངོན་པར་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་བ་བཅས་ལ་རོགས་རམ་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཉིང་ཅི་ཀྲིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་འཕེལ་སྒྱུར་དང་བསྡོམས་རྩིས་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་བོད་ཀྱི་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དམིགས་བསལ་རང་བཞིན་ལ་གཞི་ཚུགས་ནས་བོད་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོར་སྔར་བས་འབྲེལ་མཐུད་གནད་འཁེལ་བྱེད་པ་དང་། བོད་ཀྱི་བསྡོམས་རྩིས་ལས་དོན་གྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བ། ལུགས་མཐུན་དང་ཞིབ་ཚགས་ཁུངས་འཕེར་གྱི་བསྡོམས་རྩིས་གྲངས་གཞིའི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་དང་ཇི་མ་ཇི་བཞིན་མངོན་པར་བྱེད་པ། བོད་ཀྱི་མི་དམངས་ཀྱི་འཚོ་བ་སྐྱེལ་སྟངས་ལ“གོམ་པ་གང་གིས་ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་འགྱུར་ལྡོག་ཆེན་པོ་བྱུང་བ་མངོན་པར་བྱེད་པ། བསྡོམས་རྩིས་བོད་སྐྱོར་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། བོད་ཀྱི་བསྡོམས་རྩིས་བྱ་གཞག་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།