དབུ་ཤོག>སྲིད་དོན།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་ལ་དྲིན་ལན་འཇལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-29

     ཚེས་27ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། 《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》ལ་ཞིབ་འཇུག་བྱས་པ། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་བོན་གྱི་བཅའ་ཁྲིམས〉ཀྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱེད་ཐབས》དང《བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཁྲིམས་འཛིན་གྱི་ལྟ་སྐུལ་སྲོལ་ཡིག》ལ་ཞིབ་འཇུག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ནང་འཇོག་པ། སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་།   དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་ཕུགས་ཀྱི་འཐབ་ཇུས་ཀྱི་ལས་འགན་ལ་བརྩི་བ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ཟུང་འབྲེལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་ཟུང་འབྲེལ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དང་ཟུང་འབྲེལ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་ཤེས་རྟོགས་གཏིང་ཟབ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ནས། དེ་དག་ཆབ་སྲིད་ཀྱི་སྒུལ་ཤུགས་དང་། བསམ་པའི་སྒུལ་ཤུགས། ལས་ཀའི་སྒུལ་ཤུགས་བཅས་ཆེན་པོར་ཏན་ཏིག་སྒྱུར་བ་དང་མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་དགའ་ཞེན་དང་ཏང་ཀྲུང་དབྱང་ལ་གོང་བཀུར་ཞུས་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་རང་རྟོགས་རང་བཞིན་ཆེ་རུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་ཤེས་རྟོགས་གཏིང་ཟབ་དང་ཁོང་དུ་ཡང་དག་ཆུད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོར་ངར་ཤུགས་ཆེན་པོ་དང་སྐུལ་ལྕག་ཟབ་མོ་གནང་ལུགས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། ལས་དོན་ཡག་པོ་སྒྲུབ་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ལས་ཀའི་བླང་བྱ་ཁག་བརྒྱད་ཤེས་རྟོགས་གཏིང་ཟབ་དང་ཁོང་དུ་ཡང་དག་ཆུད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་གནང་བའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་གོ་བ་གཏིང་ཟབ་ལེན་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་འཛུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་། གནད་འཁེལ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་བ་དང་དེར་མཉམ་འདྲེས་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་པ་གཅིག”མཐའ་འཁྱོངས། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག “དོན་ཆེན་བཞི”བློ་བརྟན་འགྱུར་མེད་ངང་དམ་འཛིན་ཡག་པོ། “འགན་ལེན་བཞི”མངོན་འགྱུར་ཧུར་ཐག་བཅས་བྱས་ནས། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་སློབ་སྦྱོང་ལག་བསྟར་གྱི་ཚ་རླབས་མགྱོགས་མྱུར་འཕྱུར་བར་བྱས་ཏེ་ཕྱོགས་ཡོངས་ནས་གཏིང་ཟབ་སྦྱོང་བ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ། བརྩེ་སེམས་ཀྱིས་ཕྱུག་བཞིན་སྦྱོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་དུ་སྦྱོང་བ། དགོངས་དོན་གྱི་ངོ་བོ་ཁོང་དུ་གཏིང་ཟབ་ཆུད་པ། ལྟེ་བའི་དོན་སྙིང་ཁོང་དུ་གནད་འཁེལ་ཆུད་པར་བྱས་ནས། ཟབ་སྦྱོང་མཐིལ་རྟོགས་དང་སྦྱངས་པ་གོ་ཆོད་ཡོང་བར་བྱེད་དགོས། ཀུན་ལ་ཁྱབ་པའི་གསོ་སྦྱོང་དང་དྲིལ་བསྒྲགས་མཐའ་འཁྱོངས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རིམ་ཁག་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ནང་དོན་གལ་ཆེན་དུ་བརྩིས་ཏེ། ཏང་ཡོན་ལས་བྱེད་པར་དུས་ཐེངས་དང་ཁག་ཐེངས་དབྱེ་ནས་གསོ་སྦྱོང་དང་སློབ་སྦྱོང་སྒྲིག་འཛུགས་བྱེད་དགོས། རིམ་ཁག་སྒྲོག་འགྲེལ་ཚོགས་པ་དང་། སྒྲོག་འགྲེལ་བ། གྲོང་སྡོད་དང་དགོན་སྡོད་ལས་བྱེད་པ། ཧྲུའུ་ཅི་དང་པོ། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་སོགས་དཔུང་ཁག་གི་ནུས་པ་གང་ལེགས་འདོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་རིགས་ཁག་གི་མང་ཚོགས་རང་བཞིན་གྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ལ་བརྟེན་ནས་དྲིལ་བསྒྲགས་དང་སྒྲོག་འགྲེལ་རྒྱ་ཁྱབ་བྱས་ནས། ཁྱིམ་ཚང་དང་མི་ཚང་མས་ཤེས་པར་བྱེད་དགོས། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཞིགས་ཏེ། ལག་བསྟར་བྱེད་ཐབས་རིམ་པ་བཞིན་བཟོ་བ་དང་། སྣེ་ཁྲིད་ཚན་པ་དང་། འགན་འཁྲིའི་ཚན་པ། ལེགས་སྒྲུབ་དུས་བཀག་བཅས་རེ་རེ་བཞིན་གསལ་པོར་བཟོས་ནས། ལས་འགན་ཁག་དམིགས་སར་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གཤིས་ཞུན་བརྡར་ལ་ཤུགས་རྒྱག་པ་དང་། དམངས་ལ་ཞབས་འདེགས་ཞུ་བར་ཤུགས་རྒྱག་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ་བཅས་བྱས་ནས། ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀ་དོན་འཁྱོལ་མ་ཐུབ་པའི་རིགས་ལ་འགན་འཁྲི་བདའ་འདེད་དང་རྩད་གཅོད་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག རིམ་པ་ཁག་དང་སྡེ་ཚན་ཁག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་བོན་བཅའ་ཁྲིམས》ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ལས་དེང་རབས་ཅན་གྱི་རྨང་གཞི་ས་བོན་ལ་དམ་འཛིན་ལྷོད་མེད་བྱེད་པ་དང་། ཞིང་འབྲོག་ལས་ཚན་རྩལ་གྱི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། ས་བོན་ལས་རིགས་མཐོར་གཏོང་གི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བ། ནས་སོན་ཐོན་ཁུངས་སྲུང་སྐྱོང་དང་སྤྱོད་པར་ཤུགས་སྣོན་རྒྱག་པ། ས་བོན་གྱི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་པ་བཅས་བྱས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་རམ་འདེགས་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།