དབུ་ཤོག>སྲིད་དོན།
  • བཀའ་མངགས་གལ་ཆེན་བློ་ལ་བརྟན་པོར་ངེས་པ་དང་བཀའ་དྲིན་དྲན་བཞིན་དུས་རབས་གསར་པར་བསྐྱོད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་ཆེད་བོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-24

    ཚེས་23ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེའི)ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཆེད་མངགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། རང་ལྗོངས་ཀྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་ཀྱང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ད་ཐེངས་བོད་ལ་རྟོག་ཞིབ་གནང་བར་ཕེབས་པ་དེ་གོ་སྐབས་དང་། སྒུལ་ཤུགས། ཁ་ཕྱོགས་བཅས་སུ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིའི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་བསྟར་བ། སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་རྟོག་ཞིབ་གནང་བའི་དོན་སྙིང་གལ་ཆེན་ཤེས་རྟོགས་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་བཏོན་གནང་བའི་བླང་བྱ་གསར་པར་གོ་བ་གཏིང་ཟབ་ལེན་པ། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་ལུགས་མྱོང་ཚོར་གཏིང་ཟབ་བྱེད་པ། ལག་བསྟར་དོན་འཁྱོལ་བྱེད་པའི་འགན་འཁྲིའི་བསམ་པ་དང་། ལས་འགན་སྒྲུབ་སེམས། རང་རྟོགས་རང་བཞིན། སྲ་བརྟན་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་བྱམས་སྐྱོང་དེ་ཆབ་སྲིད་ཀྱི་སྒུལ་ཤུགས་དང་། བསམ་པའི་སྒུལ་ཤུགས། ལས་དོན་གྱི་སྒུལ་ཤུགས་ཤུགས་ཆེན་ལ་སྒྱུར་བ། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་དྲིན་དྲན་སེམས་དེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུཌ་སྐྲུན་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ལ་སྒྱུར་བ་བཅས་བྱས་ནས། ཧུར་བརྩོན་ཆེན་པོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུཌ་འདུན་སྒྲུབ་ཆེད་བོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་དགའ་སྤྲོའི་ངང་བསུ་བ་ཞུ་བའི་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་དང་རྒྱལ་ཁབ་ཀྱི་དོན་དུ་མཛད་བྲེལ་ཤིན་ཏུ་ཆེ་ནའང་། སྐུ་ངོ་མ་བོད་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་ནི་བོད་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་དང་། བྱ་བ་གཟབ་རྒྱས་ཤིག བཀྲ་ཤིས་པའི་བྱ་བ་ཞིག་བཅས་རེད། རྟོག་ཞིབ་གནང་རིང་སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་། བོད་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ། བླང་བྱ་ཁ་གསལ་བཏོན་གནང་བ། ལྷག་པར་དུ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གསུང་བཤད་གལ་ཆེན་གནང་བ་བཅས་ནི་གཟིགས་རྒྱང་རིང་བ་དང་། མཐོ་གཟིགས་འོག་བསྐྱངས། དགོངས་པ་གཏིང་ཟབ། མཁྱེན་རྒྱ་ཡངས་པ་བཅས་རེད་ལ། བོད་ཀྱི་མིག་སྔ་དང་སླད་ཕྱིན་འཕེལ་རྒྱས་གཏོང་རིང་སྤྱིའི་གཞི་འཛིན་ས་དང་། སྤྱིའི་རྩ་འཛིན། སྤྱིའི་ཕྱོགས་སྟོན་བཅས་ཀྱང་རེད། དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་པ་དང་། བོད་ཀྱི་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་ལུགས་དང་དམིགས་བསལ་གྱི་ཐུགས་ཁུར་གནང་ལུགས་མངོན་པ། དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་མ་ཆེན་པོ་དང་ལྕག་སྐུལ་ཧ་ཅང་ཆེན་པོ་གནང་བ་ཞིག་རེད། དེར་བརྟེན་ལས་ཀའི་ཆེད་དོན་ཚན་ཁག་མགྱོགས་མྱུར་བཙུགས་ཏེ། བོད་དུ་རྟོག་ཞིབ་གནང་རིང་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ཁག་ལ་བཏོན་གནང་བའི་བླང་བྱ་གལ་ཆེན་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ཞིབ་ཅིང་ཕྲ་ལ་དོན་ཐོག་ཏུ་འཁྱོལ་བའི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་འདོན་པ། ལས་འགན་རེ་རེ་བཞིན་ཁག་བགོས་ཞིབ་ཚགས་བྱེད་པ་དང་། འགན་འཁྲི་རེ་རེ་བཞིན་ཆེ་རུ་གཏོང་བ། དོན་འཁྱོལ་རེ་རེ་བཞིན་དམ་འཛིན་ཡག་པོ་བཅས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བོད་དུ་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།

    གཅིག་ནས་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་ཐུགས་ཁུར་གཟིགས་སྐྱོང་དང་བོད་ཀྱི་མི་དམངས་ལ་དམིགས་བསལ་གྱི་བྱམས་སྐྱོང་གནང་བར་གོ་བ་གཏིང་ཟབ་བླངས་ཏེ། “སྲུང་སྐྱོང་གཉིས”ཐུབ་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་བྱམས་སྐྱོང་མྱོང་ཚོར་ཏན་ཏིག་ཐུབ་པར་བྱས་ནས་དེ་ཉིད་སྤྱི་ཁྱབ་ཧྲུའུ་ཅིར་འཆང་བའི་བསམ་བློའི་མོས་སེམས་དང་། ཆབ་སྲིད་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་སུ་རང་རྟོགས་ངང་འགྱུར་བར་བྱེད་པ། དུས་ཚོད་གང་རུང་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་རྟག་ཏུ་སྲོག་ཤིང་ལ་ཡིད་ཆེས་དང་། སྲོག་ཤིང་ལ་ལྷག་བསམ་རྣམ་དག སྲོག་ཤིང་ལ་སྲུང་སྐྱོང་བཅས་ཐུབ་པ་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས།

    གཉིས་ནས་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་གྱི་ལས་དོན་ཞིབ་ཕྲ་དང་ཏན་ཏིག་སྒྲུབ་དགོས་ཤིང་། ལྷོ་ནུབ་མཐའ་མཚམས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཆེ་རུ་བཏང་སྟེ། མ་བྱུང་སྔོན་འགོག་བྱ་རྒྱུ་རྩ་དོན་དུ་བྱས་ནས་ལས་དོན་སྒྲུབ་པ་དང་། གནད་དོན་ཆེན་པོ་མ་ཐོན་སྔོན་འགོག་བྱ་རྒྱུ་རྨང་གཞིར་བྱས་ནས་གྲ་སྒྲིག་བྱེད་པ། འགན་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་ཚད་གཞིར་བྱས་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ། ཕུཌ་འཕེར་གྱི་ཇུས་གཞི་འདིང་བ་དང་། རྩ་བ་བརྟན་ཚུཌ་ཀྱི་བྱ་ཐབས་སྤྱོད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་དུ་དམ་འཛིན་དང་དམ་འཛིན་ཡུན་རིང་བཅས་བྱས་ནས་སྤྱི་ཚོཌ་སྤྱི་ཡོངས་རྒྱུན་མཐུད་དང་ཕྱོགས་ཡོངས་ནས་བརྟན་ལྷིང་ཡོང་བའི་འགན་ལེན་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཁྱོན་ཡོངས་རང་བཞིན་གྱི་་རང་འགུལ་སྟངས་འཛིན་ནན་པོ་བྱ་རྒྱུ་འགན་ལེན། རྒྱལ་ཁབ་བདེ་འཇཌ་དང་། སྤྱི་ཚོཌ་བརྟན་ལྷིང་། མི་དམངས་བདེ་སྐྱིད་ཡོང་བའི་འགན་ལེན་བཅས་བྱེད་དགོས།

    གསུམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཏན་ཏིག་སྐྱོད་ཐུབ་པ་དགོས་ཤིང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་པོ་དང། གནད་ལ་འཁེལ་པོ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པ། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་པ་དང“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་རྒྱུ་ལས་དོན་སྤེལ་ཐབས་སུ་བྱས་ནས་ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཉེ་དུས་མང་ཚོགས་ཀྱི་འབབ་འཕར་དང་དབུལ་སྒྲོལ་འགག་སྒྲོལ་ཐད་ནུས་པ་ཐོན་པའི་མྱུར་འགྲུབ་དམངས་ཕྱུག་ཐོན་ལས་དང་དཔལ་འབྱོར་འཕེལ་རྒྱས་ཐད་འདེགས་སྐྱོར་ནུས་པ་ཡུན་རིང་ཐོན་པའི་འཐབ་ཇུས་རང་བཞིན་གྱི་ཐོན་ལས་གཅིག་འདོམས་འཆར་འགོད་ཡག་པོ་བྱེད་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ནས་ཐོན་འཕར་དང་འབྲི་གཡག་བཤས་གཏོང་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་པ། ཡུལ་སྐོར་རིག་གནས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ནུས་རྒྱུ་གཙང་མའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། ལྕཌ་ལམ་དང་གཞུང་ལམ། རྨང་གཞིའི་སྒྲིག་བཀོད་གལ་ཆེན་གཞན་དག་བཅས་ཀྱི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཞན་ཆ་སེལ་རྒྱུར་ཤུགས་རྒྱག་པ། ལྷག་པར་དུ་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་གལ་ཆེན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཁྲོན་བོད་ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་འགྲོ་འོང་དང་སྤེལ་རེས་ཀྱི་མཐུན་སྒྲིལ་ལམ་ཐིག་དང་བདེ་སྐྱིད་ལམ་བུ་དེ་བས་མང་པོ་སྐྲུན་དགོས། 

    བཞི་ནས་དམངས་འཚོ་ལེགས་གཏོང་དང་འགན་ལེན་ཏན་ཏིག་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་མི་དམངས་ནི་རྒྱལ་སྲིད་ཡིན་པ་བློ་ལ་བརྟན་པོར་ངེས་ནས་དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་སེལ་བ་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱེད་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་པའི་འགོ་འཛུགས་ས་དང་དོན་ལ་བབས་ས་འདི་ཁོང་དུ་ཡག་པོ་ཆུད་པ་བཅས་བྱས་ནས་ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། རྒན་གསོ། བུ་བཅོལ། སྡོད་ཁང་སོགས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་དགོས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་ཀྱི་བསམ་བློའི་སློབ་གསོ་དང་། ཐོན་ལས་ལས་ཞུགས། སྡེ་ཁུལ་ཁྱིམ་མཚེས་མཉམ་འདྲེས་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་གཞིས་ཆགས་ཐུབ་པ་དང་། མཉམ་འདྲེས་ཐུབ་པ། ཕྱུག་འགྱུར་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས།

    ལྔ་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ཏན་ཏིག་བྱེད་དགོས་ཤིང་། སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ། སྲུང་སྐྱོང་ཧུར་ཐག་དང་བྱས་རྗེས་འཇོག་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་མགྱོགས་མྱུར་འཛུགས་སྐྲུན་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་མང་ཚོགས་ཚོས་སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རིར་འགྱུར་བར་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་གི་སྲིད་ཇུས་ནན་ཤོས་མུ་མཐུད་ལག་བསྟར་བྱེད་པ་དང་། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་དང“འགྲམ་བཞིའི”ཤིང་འཛུགས་སོགས་གཙོ་གནད་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་པ། ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར་དང་བྱེ་བཅོས་བྱེད་པ། “གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པ”དང་། ལྷ་སའི“སྔོ་ལྗང་གྲོང་སྐོར” དེ་བཞིན་ཆུ་ལག་སྒྱུར་བཀོད་བཅས་ཀྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་བོད་ཀྱི་ནམ་མཁའ་དེ་བས་སྔོ་བ་དང་། ཆུ་མོ་དེ་བས་དྭངས་པ། མཁའ་རླུང་དེ་བས་གཙང་བ་བཅས་ཡོང་གང་ཐུབ་བྱེད་དགོས།

    དྲུག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས་ཤིང་། དྲིལ་བསྒྲགས་སློབ་གསོར་དེ་བས་མཐོང་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེན། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཆེན་པོ་དྲིལ་བསྒྲགས་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུའི་ཁྲིད་སྟོན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་འདུ་འགོད་ལག་བསྟར་ཤུགས་ཆེན་བྱེད་པ། ལས་བྱེད་པ་དང་མང་ཚོགས་ཚོར་བོད་ནི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་སྔར་བས་ཤེས་རྟོགས་ཐུབ་པའི་ཁྲིད་སྟོན་བཅས་བྱས་ཏེ། ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་འབྲེལ་ཐག་དང་སེམས་ཀྱི་རྟེན་ས་ཡིན་པ་དང་། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་བསམ་བློ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་པར་བྱེད་དགོས།

    བདུན་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། བསྟན་དོན་ལམ་ལྷོངས་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་དགོས་ཤིང་། མང་ཚོགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག“ཕན་འདོགས་པ་ལྔ”མཐའ་འཁྱོངས་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཀྱི་འགལ་ཟླ་གཙོ་བོར་དམ་འཛིན་ནན་པོ་བྱེད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ། དད་ལྡན་མང་ཚོགས་ལ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། ཆོས་ལུགས་ཐད་ཀྱི་གཏོང་སྒོ་ཉུང་དུ་གཏོང་བ། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་ནས་བོད་བརྒྱུད་ནང་བསྟན་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཅན་གྱི་ཕྱོགས་སུ་མདུན་སྐྱོད་ཐུབ་རྒྱུའི་འགན་ལེན་བྱེད་དགོས།

    བརྒྱད་ནས་མཐའ་མཚམས་ས་ཁུལ་མགྱོགས་མྱུར་འཛུགས་སྐྲུན་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱེད་དགོས་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་མཐའ་མཚམས་སུ་གཞི་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་། ཕ་ཡུལ་འཛུགས་སྐྲུན་བཅས་ཀྱི་སྐུལ་ལྕག་གཏོང་དགོས།

    དགུ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། སྤྱི་ཁྱབ་ཧྲུའུ་ཅིའི“བདུན་གཅིག”གསུང་བཤད་གལ་ཆེན་དང་ད་ཐེངས་བོད་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཕུགས་བསམ་དང་དད་སེམས་བརྟན་གཏོང་དང་། སྲོལ་རྒྱུན་བཟང་པོ་དར་སྤེལ། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་བསམ་བློའི་ཞུན་བརྡར་དང་། ཆབ་སྲིད་ཀྱི་མྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར་བཅས་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ནས་ལོ་རྒྱུས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་ལས་རྗེས་གསར་པ་འཇོག་དགོས།

    བཅུ་ནས་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་བྱེད་པར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ལུགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ། ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་སྔར་བས་འཕེལ་བར་བྱེད་དགོས་པ་བཅས་རེད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། སྤྱི་ཁྱབ་ཧྲུའུ་ཅིས་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། དོན་འཁྱོལ་བཅས་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་དང་ཕུགས་ཀྱི་འཐབ་ཇུས་ལས་འགན་ལ་བརྩིས་ནས་ཟབ་སྦྱོང་མཐིལ་རྟོགས་ཐད་ཤུགས་ངོ་མ་རྒྱག་པ་དང་། སློབ་གསོ་གསོ་སྦྱོང་ཕྱོགས་ཡོངས་ལ་ཁྱབ་རྒྱུའི་ཐད་ཤུགས་ངོ་མ་རྒྱག་པ། དྲིལ་བསྒྲགས་དང་སྒྲོག་འགྲེལ་ཐད་ཤུགས་ངོ་མ་རྒྱག་པ། རྣམ་པ་ཟབ་མོ་གཏོད་པའི་ཐད་ཤུགས་ངོ་མ་རྒྱག་པ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་བྱམས་སྐྱོང་ལས་བྱེད་པ་དང་མང་ཚོགས་ཚང་མའི་སེམས་ནང་ཟུག་པར་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བོད་ཀྱི་ས་གཞི་ཆེ་མོ་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱེད་དགོས།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཟབ་མོ་དང་ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་པོ་དང་། གནད་ལ་འཁེལ་པོ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་ཐུབ་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་པ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབད་བརྩོན་ཆེན་པོས་རྩོམ་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཞུ་ལུགས་མཚོན་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་བྱམས་སྐྱོང་གནང་བར་དྲིན་ལན་འཇལ་དགོས་ཞེས་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།