དབུ་ཤོག>སྲིད་དོན།
  • དབང་ཧའེ་ཀྲོའུ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ལས་ཁུངས་ཀྱི་ཏང་ཀྲི་པུའུ་གཉིས་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་རྩ་འཛུཌ་ཀྱི་འཚོ་བའི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-22

    ཚེས་19ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ལས་ཁུངས་ཀྱི་ཏང་ཀྲི་པུའུ་གཉིས་པའི་ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུར་ཞུགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ལ་དམིགས་ནས་ཚང་མ་དང་མཉམ་དུ་བསམ་ཚུལ་དང་མྱོང་ཚོར་སྤེལ་རེས་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་པ་དང་། ཏང་ཡོན་བློ་མཐུན་ཚོས་ཕན་ཚུན་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས། ཀྲི་པུའུ་ཡི་རྩ་འཛུགས་འཚོ་བ་ཡག་པོ་གཉེར་རྒྱུ་ནི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ནང་དོན་གལ་ཆེན་ཞིག་རེད། པུའུ་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ལེགས་སྒྲིག་བྱས་རྗེས་སློབ་སྦྱོང་དང་ལས་དོན་ཐ་དད་དུ་གྱུར་པའི་གནད་དོན་ཐག་གཅོད་ཐུབ་པ་དང་གཞི་རིམ་གྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་རིང་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། ཏང་གི་སྲོལ་རྒྱུན་བཟང་པོ་སྔར་བས་དར་སྤེལ་གཏོང་བ་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་ཏན་ཏིག་སྤེལ་བ། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས“དེ་བས་གསུམ”གྱི་སློབ་གསོ་ཡག་པོ་སྤེལ་ཏེ་རང་འགན་གཙང་སྒྲུབ་ཏན་ཏིག་བྱེད་པ། གསར་གཏོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་དྲ་རྒྱའི་ལག་རྩལ་གསར་པ་དང་བཀོལ་སྤྱོད་གསར་པ་ཡག་པོ་སྤྱད་དེ་ལམ་ལུགས་ཅན་དང་། ཚད་ལྡན། ཚད་གཞི་ཅན། གོ་རིམ་ཅན་བཅས་ཀྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། སློབ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་དང་དུས་རབས་གསར་པར་འབད་འཐབ་བྱེད་པའི་བྱ་སྤྱོད་དངོས་སུ་འགྱུར་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།