དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-19

    ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་མཛུབ་སྟོན་བླང་བྱ་གཞིར་བཟུང་། ཚེས་14དང་15ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང(གྲོང་གསེབ་དར་རྒྱས་འགོ་ཁྲིད་ཚོགས་ཆུང)གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ཡན་ཅིན་ཧའེ་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་དུ་འབྲོག་པའི་ཐོན་སྐྱེད་དང་འཚོ་བ་དང་། ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས། དབུལ་སྐྱོར་སྔོ་ཚལ་རྟེན་གཞི་འཁོར་སྐྱོད། འབྲོག་ལས་ཕྱིར་ཚོང་ས་ཚིགས་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    མཚོ་གཉིས་རྫོང་སྟོད་མ་ཤང་རྒོད་རྒན་ཚྭ་ཆུ་གྲོང་ཚོའི་མཉམ་ལས་ཁང་དུ་ཡན་ཅིན་ཧའེ་ཡིས་མཉམ་ལས་ཁང་གི་འཁོར་སྐྱོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས་ཡོང་འབབ་འབྱུང་ཁུངས་རྒྱ་ཆེར་བཏང་སྟེ་གནས་སྤོས་རྗེས་ཀྱི་འབྲོག་པའི་ཐོན་སྐྱེད་དང་འཚོ་བ་དངོས་ལ་སྤྱི་འདོམས་བསམ་གཞིག་བྱེད་པ་དང་། འདོད་འདུན་ཡོད་པའི་ས་གནས་དེ་གའི་གཞོན་ནུ་གནས་དེར་མུ་མཐུད་འབྲོག་ལས་ཐོན་སྐྱེད་བྱ་རྒྱུར་སྣེ་ཁྲིད་བྱེད་པ། བློ་གྲོས་ལ་བརྟེན་ནས་འབྲོག་ལས་ལེགས་བསྡུས་ཞིབ་གཉེར་ཅན་དང་གཞི་ཁྱོན་ཅན་ལ་སྐུལ་འདེད་གཏོང་བ། ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ལྗང་མདོག་སྐྱེ་ལྡན་ཐོན་རྫས་གསར་གཏོད་བཅས་བྱས་ནས་གནས་སྤོས་འབྲོག་པའི་ཁྱིམ་ཚང་གི་ཡོང་འབབ་ཐད་འགན་ལེན་ཡོད་པ་དང་འབབ་འཕར་རྒྱུན་མཐུད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    མཚོ་གཉིས་རྫོང་དབུལ་སྐྱོར་སྔོ་ཚལ་རྟེན་གཞི་དང་འབྲོག་ལས་ཀུང་སིའི་ཕྱིར་ཚོང་ས་ཚིགས་སུ་ཡན་ཅིན་ཧའེ་ཡིས་སྔོ་ཚལ་སྐྱེ་ཚུལ་ལ་གཟིགས་ཞིབ་ནན་ཏན་གནང་སྟེ་སྔོ་ཚལ་སྣ་ཁ་ག་ཚོད་ཡོད་མེད་བཀའ་འདྲི་ཞིབ་ཚགས་དང་སྔོ་ཚལ་རྟེན་གཞི་གཉེར་སྐྱོང་དང་འབྲོག་ལས་ཀུང་སིའི་ཕྱིར་ཚོང་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་མཚོ་གཉིས་རྫོང་དུ་ས་བབ་མཐོ་ལ་གནམ་གཤིས་ཧ་ཅང་ཞན་པོ་ཡོད། རང་བྱུང་ཆ་རྐྱེན་ཞན་པོ་འདི་ལྟ་བུའི་འོག་སྔོ་ཚལ་འདེབས་ཐུབ་པ་ནི་ལས་སླ་པོ་ཞིག་ག་ལ་ཡིན། སྔོ་ཚལ་ཐོན་སྐྱེད་བྱེད་པར་འགན་ལེན་གཙོ་བོར་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་མ་དངུལ་ཁ་གསབ་དང་ལག་རྩལ་མ་རྐང་ནང་ཞུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ལག་རྩལ་དང་འཇོན་ཐང་ཡོད་མཁན་སྐོང་འཐེན་བྱས་ནས་སྔོ་ཚལ་འདེབས་འཛུགས་བྱས་ཏེ་སྔོ་ཚལ་མཁོ་སྤྲོད་བརྟན་པོ་དང་སྣ་ཁ་འཛོམས་པོ་ཡོང་གང་ཐུབ་བྱེད་དགོས། འབྲོག་ལས་ཕྱིར་ཚོང་ཐད་ཁྱད་ལྡན་གཙོ་བོར་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ས་གནས་དེ་གའི་མ་བཅོས་རྒྱུ་ཆའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མཉམ་ལས་གསར་སྤེལ་སོགས་ཀྱི་བྱེད་ཐབས་བརྒྱུད་སྤུས་ཚད་རྩེ་གྲ་དང་། ཁྱད་ཆོས་མངོན་གསལ་དོད་པ། སྣ་ཁ་མང་བ་བཅས་ཀྱི་འབྲོག་ལས་ཐོན་རྫས་ཐོན་སྐྱེད་བྱས་ནས་ཕྱིར་ཚོང་གི་གཞི་ཁྱོན་ཆེ་རུ་དང་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་གཏོང་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་ཡན་ཅིན་ཧའེ་ཡིས་ད་དུང་ས་གནས་དེ་གའི་འབྲོག་དུད་དུ་འཚམས་འདྲིར་ཕེབས་ཤིང་། “ཁྱིམ་དུ་ནང་མི་ག་ཚོད་ཡོད་དམ། ཡོང་འབབ་ག་ཚོད་ཡོད་དམ། ཕྲུ་གུ་ཚོ་ལས་ཞུགས་གང་འདྲ་བྱུང་སོང་ངམ། གློག་དང་ཆུ་ཡག་པོ་འདུག་གམ། གནས་སྤོས་ལ་བསམ་ཚུལ་གང་ཡོད་དམ”སོགས་ངག་རྡོར་དང་། དབང་རྒྱལ། ཚེ་ངག་སོགས་ཀྱི་ཁྱིམ་དུ་ཡན་ཅིན་ཧའེ་ཡིས་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་དང་ལྷག་པར་དུ་གནས་སྤོས་རྗེས་ཀྱི་འཚོ་བའི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་བརྟེན་ནས་ཁོང་ཚོས་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་འཆང་བ་དང་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་གཟིགས་སྐྱོང་བློ་ལ་བརྟན་པོར་འཆང་རྒྱུའི་སློབ་གསོ་ཡང་བརྒྱབ་གནང་བ་རེད། ཁོང་ཚོས་སེམས་འགུལ་ཆེན་པོ་ཐེབས་བཞིན“ང་ཚོའི་འཚོ་བ་ཇེ་ཡག་ཏུ་འགྲོ་གི་འདུག་པས་ཏང་དང་སྤྱི་ཁྱབ་ཧྲུའུ་ཅིར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།