ཚེས་13ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་དུས་ཐེངས་བཞི་པའི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི(ཁྲིམས་བཞིན་བོད་སྐྱོང)ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སྲིད་ཁྲིམས་འགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་གི་འཇོན་ཐང་ཆེ་རུ་གཏོང་བ། དུས་རབས་གསར་པའི་བོད་ཀྱི་ཁྲིམས་སྐྱོང་དང་སྲིད་ཁྲིམས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་ཆེད་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཧོ་ཝུན་ཧའོ་ཡིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་གོ་དོན་ཟབ་མོར་གོ་བ་གཏིང་ཟབ་བླངས་ཏེ། གཞི་རྩའི་དགོངས་དོན་གསལ་པོ་རྟོགས་པ་དང་། དོན་སྙིང་གཙོ་བོ་ཁོང་དུ་ཆུད་པ། ལས་ཀའི་བླང་བྱ་ཁ་གསལ་ཡོང་བ་བཅས་བྱེད་དགོས། བོད་ཀྱི་ཁྲིམས་སྐྱོང་སྲིད་ཁྲིམས་འཛུགས་སྐྱོང་གི་མངོན་གསལ་དོད་པའི་ཞན་ཆར་དབྱེ་ཞིབ་དང་འཚོལ་ཞིབ་ཡང་དག་དང་། ཞན་ཆ་སེལ་རྒྱུར་མཐོང་ཆེན། གནད་སྨིན་ཇུས་བསྟར་བཅས་བྱེད་དགོས། བོད་ཀྱི་ཁྲིམས་སྐྱོང་། སྲིད་ཁྲིམས་འཛུགས་སྐྱོང་གི་གཙོ་གནད་ལས་འགན་སྟངས་འཛིན་ཡང་དག་བྱས་ཏེ། ཁྲིམས་སྐྱོང་དང་སྲིད་ཁྲིམས་འཛུགས་སྐྱོང་གི་རྣམ་པ་གསར་པ་ཟམ་མི་ཆད་པ་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།