དབུ་ཤོག>སྲིད་དོན།
  • ཧོ་ཝུན་ཧའོ་ཡིས་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-15

    ཉེ་ཆར། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གྱི(རྒྱ་ཆེ)ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཧོ་ཝུན་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་གི་སློབ་གསོ་བཅོས་སྒྲིག་གཞུང་ལས་ཁང་དང་ལྷག་པར་དུ་ཀྲུང་དབྱང་ལྟ་སྐུལ་སློབ་སྟོན་ཚོགས་ཆུང་གི་ཚུར་ལན་བསམ་འཆར་དག་ཐེར་དང་ཁག་དང་པོའི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི“ཕྱིར་མིག་ལྟ་བའི”ལས་དོན་ཕྱོགས་ཡོངས་ནས་སྤེལ་ཚུལ་གྱི་སྙན་སེང་ཉན་པ་དང་གོམ་སྟབས་རྗེས་མའི་སློབ་གསོ་བཅོས་སྒྲིག་གི་གཙོ་གནད་ལས་དོན་ལ་སླར་ཡང་ནན་བཤད་དང་བཀོད་སྒྲིག་བྱས་པ་རེད།

    ཧོ་ཝུན་ཧའོ་ཡིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། གོ་བ་ཡག་པོ་ལོན་པ། ལག་བསྟར་ཡག་པོ་བཅས་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་དམ་འཛིན་ནན་པོ་དང་ཡག་པོ་བྱས་ཏེ་སློབ་སྦྱོང་ལག་བསྟར་གྱི་ཚ་རླབས་འཕྱུར་བ་བྱེད་པ་དང་སློབ་སྦྱོང་ལག་བསྟར་གྱི་དོན་དངོས་ཕན་འབྲས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་ཞུ་ལུགས་མཚོན་པར་བྱེད་དགོས་པ་དང་། ལས་དོན་གྱི་གཙོ་གནད་འབུར་དུ་ཐོན་པར་བྱས་ཏེ་ལྟ་སྐུལ་སློབ་སྟོན་གྱི་ཚུར་ལན་གནད་དོན་བཅོས་སྒྲིག་དང་བྱང་བུ་བཀལ་ནས་སྒྲུབ་རྒྱུའི་གྱོད་གཞི་མགྱོགས་མྱུར་ཐག་གཅོད། དཀའ་ཚེགས་ཀྱི་གནད་དོན་བཅོས་སྒྲིག ལམ་ལུགས་ཀྱི་ལམ་སྲོལ་འཛུགས་སྐྱོང་། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ” དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། འགན་འཁྲི་དོན་འཁྱོལ་ཐད་སླར་ཡང་ཤུགས་རྒྱག་པ་བཅས་བྱས་ཏེ་སློབ་གསོ་བཅོས་སྒྲིག་གི“ཕྱིར་མིག་ལྟ་བའི”ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ། ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ་དང་། ལག་བསྟར་ཇུས་གཞི་ནན་ཏན་བཟོ་བ། ཆེད་དོན་ཚོགས་ཆུང་འཕྲལ་དུ་འཛུགས་པ། སྔ་སྣུར་དུ་གཙོ་གནད་ལས་དོན་ཇུས་འགོད་བཅས་བྱས་ཏེ་ཁག་གཉིས་པའི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་བདེ་བླག་ངང་འགོ་འཛུགས་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།