ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་དུས་མཚམས་རྗེས་མའི་རང་ལྗོངས་ཀྱི་རྩིས་བཤེར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཆེ་དགྲ་ལྷ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལིའུ་ཅང་དང་ཝང་ཝུའེ་ཏུང་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རྩིས་བཤེར་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་གྱི་སྙན་སེང་གསན་པ་དང《2020ལོའི་ལོ་འཁོར་གྱི་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་ནོར་སྲིད་ཀྱི་གཏོང་སྒོ་གཞན་དག་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་རྩིས་བཤེར་སྙན་ཞུར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཚོགས་འདུའི་ཐོག འདི་ལོ་ཚུན་དུ་ལྗོངས་ཡོངས་ཀྱི་རྩིས་བཤེར་ལས་དོན་ལ་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩིས་བཤེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་དུས་རབས་གསར་པའི་རྩིས་བཤེར་ལས་དོན་གྱི་རྩ་བའི་རང་བཞིན་དང་། ཁ་ཕྱོགས་རང་བཞིན། སྤྱི་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་རབ་དང་རིམ་པར་ལན་བསྐྱོན་ནས་ང་ཚོས་རྩིས་བཤེར་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པས་ལྗོངས་ཡོངས་ཀྱི་རིམ་ཁག་རྩིས་བཤེར་ཨུ་ཡོན་ལྷན་ཁང་དང་རྩིས་བཤེར་ལས་ཁུངས་ཀྱིས་སློབ་སྦྱོང་ནན་ཏན་བྱས་ཏེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་བསམ་བློའི་ངོས་འཛིན་གཅིག་གྱུར་དང་ལས་དོན་དངོས་ལ་མཛུབ་ཁྲིད་ཏན་ཏིག་བྱེད་དགོས་པ་བསྟན་ཡོད།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ལ་འབད་འབུངས་ཡར་བརྩོན་བྱེད་དགོས་པའི་དུང་བརྡ་གྲགས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཡོངས་ལ་རླབས་ཆེན་གྱི་འབོད་སྐུལ་གནང་བ་རེད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་དང་ལས་འགན་གསར་པའི་མདུན་དུ་ལྗོངས་ཡོངས་ཀྱི་རིམ་ཁག་རྩིས་བཤེར་ཨུ་ཡོན་ལྷན་ཁང་དང་རྩིས་བཤེར་ལས་ཁུངས་ཀྱིས། གཅིག་ནས“སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་དེ་རྩིས་བཤེར་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་ལ་སྣང་ཆེན་བྱེད་པའི་བླང་བྱ་དེ་ཕྱི་རོལ་གྱི་བླང་བྱ་ནས་ནང་ཁུལ་གྱི་རང་འགུལ་དུ་ཏན་ཏིག་བསྒྱུར་བ་བྱེད་དགོས།
“སྲུང་སྐྱོང་གཉིས”ཐུབ་པ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ཚད་གཞི་མཐོ་ཤོས་དང་རྩ་བའི་ཆབ་སྲིད་སྒྲིག་ལམ་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཀུན་སྤྱོད་བཟང་པོ་གོང་དུ་བཀུར་བ་དང་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་བླང་བྱ་རྩིས་བཤེར་གྱི་ལག་ལེན་དང་རྩིས་བཤེར་མི་སྣའི་གཏམ་སྤྱོད་ཐོག་ནས་མཚོན་པར་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་རྩིས་བཤེར་གྱི་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་ལག་བསྟར་ལ་འགན་ལེན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཏང་ཀྲུང་དབྱང་གི་བཀོད་པ་ལུང་དུ་འགྲོ་བ་དང་གང་གསུང་དེ་སྒྲུབ་ཐུབ་པའི་འགན་ལེན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
གཉིས་ནས་ཏང་གི་འགོ་ཁྲིད་རྩིས་བཤེར་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གིས་རྩིས་བཤེར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས། རིམ་ཁག་ཏང་ཨུད་ཀྱིས་ཏང་གིས་རྩིས་བཤེར་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཡོངས་ལ་སྤྱི་འདོམས་དང་ཕྱོགས་ཁག་གི་ནུས་པ་མཐུན་སྦྱོར་ཡག་པོ་བྱས་ནས་རྩིས་བཤེར་ལས་ཁུངས་ཀྱིས་ཁྲིམས་ལྟར་ལྟ་སྐུལ་གྱི་འགན་དབང་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས། རིམ་ཁག་རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་འོག་རིམ་རྩིས་བཤེར་ཨུ་ཡོན་ལྷན་ཁང་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྩིས་བཤེར་གྱི་དམིགས་ཚད་མཉམ་བསྡུ་དང་། རྩིས་བཤེར་གྱི་ཐོན་ཁུངས་སྤྱི་འདོམས་བྱས་ཏེ་ལྗོངས་ཡོངས་ཀྱི་རྩིས་བཤེར་ལས་དོན“བསམ་ཇུས་གཅིག”ལྟར་ཡོང་བར་བྱེད་དགོས།
རིམ་ཁག་རྩིས་བཤེར་ལས་ཁུངས་ཀྱིས་རྩིས་བཤེར་ལྟ་སྐུལ་གྱི་འགན་ནུས་ལག་བསྟར་ཏན་ཏིག་བྱས་ཏེ་རྩིས་བཤེར་གྱི་ཕན་ནུས་ཆེ་རུ་གཏོང་དགོས། རིམ་ཁག་སྡེ་ཚན་ཁག་གིས་རྩིས་བཤེར་ལས་ཁུངས་ཀྱིས་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་ཧུར་ཐག་དང་རང་འགུལ་ངང་གཞོགས་འདེགས་བྱས་ཏེ་ཁྲིམས་བཞིན་རྩིས་བཤེར་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་པ་དང་རྩིས་བཤེར་བྱས་རྗེས་རྩད་ཆོད་པའི་གནད་དོན་དག་ཐེར་གྱི་ལས་དོན་ཧུར་ཐག་སྒྲུབ་དགོས།
གསུམ་ནས“དོན་ཆེན་བཞིར”ཞབས་འདེགས་ཞུ་རྒྱུ་དེ་རྩིས་བཤེར་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”དམིགས་ཚད་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་དང་མཉམ་འདྲེས་བཅས་བྱེད་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས་བྱེད་པ། “དོན་ཆེན་བཞི”ལ་དམིགས་པ་དང“འགན་ལེན་བཞི”མངོན་འགྱུར་ཡོང་བ་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་མཐའ་སྟོབས་དང་། མཐའ་བརྟན། མཐའ་དར་སོགས་ལ་ཤུགས་སྣོན་རྒྱག་པའི་ཐད་ཀྱི་རྩིས་བཤེར་གྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྩིས་བཤེར་ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་བཏང་ནས“ལོ་ལྔ་ཚན་བཅུ་བཞི་པའི”དམིགས་ཚད་བདེ་བླག་ངང་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས།
བཞི་ནས“རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན་པའི”འདུ་ཤེས་རྩིས་བཤེར་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་པ་དང་། སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་པ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ནི་འབད་འཐབ་ཀྱི་དམིགས་ཚད་དུ་བརྩི་བ། དམངས་འཚོའི་ཁྱབ་ཁོངས་ཀྱི་ལས་དོན་ལ་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། བྱ་བ་བཟང་པོ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པར་བྱེད་དགོས།
ལྔ་ནས་གནད་དོན་གསལ་སྟོན་བྱ་རྒྱུ་དེ་རྩིས་བཤེར་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྩིས་བཤེར་བྱས་རྗེས་རྩད་ཆོད་པའི་གནད་དོན་དག་ཐེར་གྱི་ལས་དོན་གཏིང་ཟབ་སྤེལ་དགོས། ཆ་ལག་ཚང་བའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་གནས་ཚུལ་ངོ་མ་ཞིབ་བཤེར་དང་། སྐད་ཆ་དྲང་པོ་ཤོད་པ། གནས་ཚུལ་ངོ་མ་སྙན་སེང་ཞུ་བ་བཅས་མཐའ་འཁྱོངས་བྱེད་པ་དང་མཁྲེགས་སར་གཏུག་ཕོད་པ་བྱས་ཏེ་ཞིབ་བཤེར་བྱེད་ཕོད་པ་དང་ནན་པོ་བྱེད་ཕོད་པ་དང་། ཞིབ་བཤེར་ངོ་མ་དང་རྩིས་བཤེར་ནན་པོ་བྱ་རྒྱུ་དེ་རྩིས་བཤེར་རྣམ་གྲངས་དང་རྩིས་བཤེར་མི་སྣའི་གཏམ་སྤྱོད་ཐོག་ནས་མངོན་ཐུབ་པར་བྱེད་པ་དང་། རྩིས་བཤེར་སྙན་ཞུའི་སྤུས་ཚད་ལ་སྣང་ཆེན་བྱེད་པ། རྩིས་བཤེར་དག་ཐེར་ལ་རྗེས་འདེད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། རྩིས་བཤེར་གྱི་དབང་གྲགས་རང་བཞིན་དང་ཟིལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱེད་དགོས།
དྲུག་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་རྩིས་བཤེར་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། “ངས་མང་ཚོགས་ལ་དངོས་དོན་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་མང་ཚོགས་ཀྱིས་གཏིང་ཟབ་ཚོར་བ་བྱས་ཏེ་ཏང་གི་མཐའ་འཁོར་དུ་མང་ཚོགས་སྔར་བས་གཅིག་སྡུད་ཐུབ་པ་བྱེད་དགོས། རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས” “ལམ་གཉིས་ཀྱི་སྙིང་སྟོབས” ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ་བསམ་བློའི་སྦྱོང་བརྡར་དང་། ཆབ་སྲིད་ཀྱི་ཞུན་བརྡར། ལག་ལེན་གྱི་སྦྱོང་བརྡར། ཆེད་ལས་ཀྱི་སྦྱོང་བརྡར་བཅས་ལ་ཤུགས་སྣོན་བརྒྱབ་ནས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རྩིས་བཤེར་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་འཛུགས་དགོས་ཞེས་བསྟན་པ་རེད།