དབུ་ཤོག>སྲིད་དོན།
  • ཅང་ཅེས་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-10

    ཚེས་6ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས། ལོ་སྟོད་ཀྱི་རང་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ལ་ཕྱོགས་སྡོམ་དང་། དུས་བབ་ལ་དབྱེ་ཞིབ་དང་བརྡར་གཅོད། ལྷག་པའི་གནད་དོན་ཐག་གཅོད་བཅས་གནང་བ་དང་སྦྲགས་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    འབྲེལ་ཡོད་སྡེ་ཚན་དང་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གྱི་སྙན་སེང་གསན་རྗེས། ཅང་ཅེས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་ལྗོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་ཐད་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། དཔལ་འབྱོར་ལ་བརྟན་ཞིང་གོ་རིམ་ལྡན་པའི་འཕེལ་ཕྱོགས་མངོན་ནས་ལྗོངས་ཡོངས་ཀྱི་ལོ་ཧྲིལ་པོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷས་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྐུ་ངོ་མས་བཀོད་སྒྲིག་དང་བཀོད་གཏོང་ཐེངས་མང་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་བརྟན་དུ་གཏོང་བ། ཆད་བཤེར་ཆད་གསབ་བྱེད་པ། ཉམས་ཞན་སྟོབས་ཆེར་གཏོང་བ་དང་ཞན་ཆ་སེལ་བ། མ་དངུལ་དང་འཛད་སྤྱོད་ཀྱིས་དཔལ་འབྱོར་ལ་ཡར་སྐུལ་བྱེད་པའི་ནུས་པ་ཤུགས་ཆེར་གཏོང་བ། མ་དངུལ་བཟུང་ཚད་ཆག་ཚུལ་ལ་འགྱུར་བ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་པོས་གཏན་འཁེལ་དམིགས་ཚད་ཀྱི་ལས་འགན་ཁག་ལེགས་གྲུབ་ཡོང་བའི་བརྩོན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།