དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་འཕེལ་རིམ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-09

     ཚེས་7ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་རུ་སྣེ་ཁྲིད་པའི་བརྟག་ཞིབ་ཚོགས་ཆུང་དང་བཅས་པ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་ཨར་པོ་རྒྱག་ཡུལ་དུ་ཕེབས་ཏེ། རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་དང་བཅས་པས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ཀྱི་བཀོད་པ་དང་། འཛུགས་སྐྲུན། བདེ་འཇགས་ཨར་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་རྗེས། རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་དང་འགྲེམས་ཁང་གི་བཤམས་སྟོན་ལས་དོན་གྱི་འཕེལ་རིམ་ལ་ཁས་ལེན་གང་ལེགས་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་འབྲེལ་ཡོད་སྡེ་ཚན་ཁག་ལ་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ཀྱི་གལ་ཆེའི་རང་བཞིན་ངོས་འཛིན་གང་ལེགས་ཐུབ་པར་བྱས་ཏེ། ལས་གྲྭ་འཛུགས་སྐྲུན་བྱེད་རིང་ངེས་པར་དུ་སྤུས་ཚད་དང་། བདེ་འཇགས། འཕེལ་རིམ་བཅས་འགན་ལེན་བྱེད་དགོས་པ་མ་ཟད། ད་དུང་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཀྱང་གཏོང་དགོས། དེ་དང་ཆབས་ཅིག་ཁོར་ཡུག་སྲུང་སྐྱོང་གི་ཤུགས་སྣོན་ལ་དོ་སྣང་བྱེད་པ་དང་གཏན་འབེབས་ཀྱི་ལས་སྒྲུབ་ལ་ནན་པོར་གཞིགས་ནས། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་གྱི་རྣམ་གྲངས་བདེ་བླག་ངང་ལས་མཇུག་འགྲིལ་ཐུབ་པའི་འགན་ལེན་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།