དབུ་ཤོག>སྲིད་དོན།
  • ཧོ་ཝུན་ཧའོ་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་བརྙན་ལམ་སྐུལ་འདེད་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-07

     ཟླ་7ཚེས་2ཉིན་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་བརྙན་ལམ་སྐུལ་འདེད་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་ལྟ་སྐུལ་སློབ་སྟོན་ཚོགས་ཆུང་བཅུ་བཞི་པའི་ལྟ་སྐུལ་སློབ་སྟོན་བསམ་འཆར་གྱི་ཚུར་ལན་ཚོགས་འདུའི་དགོངས་དོན་དང་རང་སྐྱོང་ལྗོངས་སློབ་གསོ་བཅོས་སྒྲིག་གཞུང་ལས་ཁང་གི《ཀྲུང་དབྱང་ལྟ་སྐུལ་སློབ་སྟོན་ཚོགས་ཆུང་བཅུ་བཞི་པའི་ཚུར་ལན་གནད་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཁྱབ》ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར་བཅས་བྱས་ཏེ་དུས་མཚམས་གོང་མའི་ལས་དོན་ལ་ཕྱོགས་སྡོམ་དང་སློབ་གསོ་བཅོས་སྒྲིག་གི“ཕྱིར་མིག་ལྟ་བ”དང་ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་སྲིད་ཁྲིམས་དཔུང་ཁག་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཧོ་ཝུན་ཧའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཧོ་ཝུན་ཧའོ་ཡིས། རིམ་ཁག་སྲིད་ཁྲིམས་ཚན་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་ཚུར་ལན་བསམ་འཆར་དག་ཐེར་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་གནད་དོན་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་དང་། བཅོས་སྒྲིག་གི་མཉམ་ཤུགས་གཅིག་སྒྲིལ། རྗེས་སྙེག་ཕན་འབྲས་འདྲི་རྩད་ལ་ཤུགས་སྣོན་རྒྱག་པ། དག་ཐེར་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་གནད་དོན་བསྐྱར་ལོག་མི་ཡོང་བ་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “ཕྱིར་མིག་ལྟ་བའི”ཚད་མཐོའི་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་བ། སྤྱི་ཡོངས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། གཙོ་གནད་ཞིབ་ལྟར་དམིགས་པ་བཅས་བྱས་ནས་སློབ་གསོ་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པ། “ཕྱིར་མིག་ལྟ་བ”དེ་གྲོང་ཁྱེར་དང་། ས་ཁུལ། རྫོང(ཆུས)བཅས་ཁག་གི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་ཕན་འབྲས་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་ཐེངས་གཅིག་བྱེད་པར་བརྩིས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། འགན་འཁྲི་ནན་དུ་གཏོང་བ། བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཏེ“ལྟ་སྐུལ”བསུ་བའི་གྲ་སྒྲིག་ཡག་པོ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།