དབུ་ཤོག>སྲིད་དོན།
  • དབང་ཧའེ་ཀྲོའུ་ཡིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2021ལོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-07

     ཚེས་5ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2021ལོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅིའི“བདུན་གཅིག”གི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།

    དབང་ཧའེ་ཀྲོའུ་ཡིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅིའི“བདུན་གཅིག”གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་དོན་ཆེན་ཆེ་ཤོས་ལ་བརྩིས་ནས་དམ་འཛིན་བྱེད་དགོས། སློབ་སྦྱོང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་སྦྱོང་ཟབ་ཞིབ་ནན་དང་ཐོས་བསམ་མྱོང་རྟོགས་ཐད་ཤུགས་སྣོན་རྒྱག་པ་དང་། སྤུས་ཚད་ཀྱི་ཕན་འབྲས་མངོན་གསལ་དོད་དུ་བཏང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་ཤུགས་སྣོན་རྒྱག་པ། གསར་འགྱུར་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཡོངས་སུ་སློབ་སྦྱོང་ལ་སྤྲོ་བའི་རྣམ་པ་ཟབ་མོ་གཏོད་རྒྱུར་ཤུགས་སྣོན་རྒྱག་པ། རིགས་པའི་གཞུང་ལུགས་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་བསམ་བློ་དང་། ལྟ་ཚུལ། ཆོད་གཏམ་བཅས་གསར་པར་འགྲེལ་བཤད་གཏིང་ཟབ་རྒྱག་རྒྱུར་ཤུགས་སྣོན་རྒྱག་པ། ཕྱི་ཕྱོགས་སུ་དྲིལ་བསྒྲགས་དང་འོས་སྦྱོར་ཡག་པོ་བྱས་ཏེ་དོན་དངོས་དང་ཕྱོགས་བསྡུས་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་གཟུགས་བརྙན་གསར་པ་ཕྱོགས་ཡོངས་ནས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་ཡག་པོ་བསྲུངས་ནས་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ནན་དུ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། འགན་འཁྲི་འཁུར་ཕོད་པར་ཤུགས་སྣོན་བརྒྱབ་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་ཀྱི་གྲུབ་འབྲས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་སྟོན། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་མཉམ་ཤུགས་ཆེན་པོར་བསྒྱུར་ནས། དྲང་སྲུང་གསར་གཏོད་དང་། དཀའ་སྤྱད་འབད་བརྩོན། རྒྱུགས་འབུལ་བས་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་འཆང་བ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་ཆེད་འབད་འབུངས་ཧུར་བརྩོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།