དབུ་ཤོག>སྲིད་དོན།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-06

    ཚེས་4ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི(རྒྱ་ཆེ)ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི་འབྲེལ་ཡོད་བརྡ་ཐོའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚང་མར་དཔེ་སྟོན་སྣེ་ཁྲིད་ཀྱིས་གང་མགྱོགས་སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར་བ་བྱས་ཏེ། སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་ལེན་པ་དང་མི་སེམས་སུ་ཟུག་པའི་འགན་ལེན་བྱས་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནུས་ཤུགས་ཡོད་རྒུས་གཏོད་པའི་སྒུལ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།

    ཚོགས་འདུའི་ཐོག་ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཀྲོང་ཡན། ཡན་ཅིན་ཧའེ། བསྟན་ཁོ། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི། དབང་ཧའེ་ཀྲོའུ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཐད་སྤེལ་རེས་གཏམ་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅིའི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། བདེན་སྲུང་གསར་གཏོད་དང་དཀའ་སྤྱད་སྡུག་རུས་ཀྱིས་ལས་ཀ་བྱེད་པ། རྒྱུགས་འབུལ་གྱི་ལོ་རྒྱུས་ཀྱི་རིགས་པ་དྭངས་གསལ་དང་འགྱུར་མེད་ཀྱི་དད་སེམས་ཐོག་ནས་གསར་བརྗེ་པ་རྒན་རབས་ཚོས་གསར་གཏོད་གནང་བའི་རླབས་ཆེན་གྱི་བྱ་གཞག་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པ་སྟེ།

    གཅིག་ནས་ལོ་ངོ་བརྒྱའི་ཏང་ཆེན་པོས་གསར་གཏོད་བྱས་པའི“རླབས་ཆེན་གྱི་གྲུབ་འབྲས་ཁག་བཞི”ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་དུས་རབས་གསར་པར་དྲིན་ཚོར་མདུན་སྐྱོད་དང་། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཤུགས་ཆེར་གཏོང་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་མཐོ་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་མཐོ་ཚད་ཀྱི་ཐོག་ནས་གསར་བརྗེའི་སྲིད་དབང་དང་། ཀྲུང་གོ་གསར་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ནི་ཐོབ་པར་དཀའ་བ་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་དོན་མཐར་གཏུགས་ནས་བཤད་ན་མར་ཁེ་སི་རིང་ལུགས་ཡང་དག་པ་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་གི་འགོ་ཁྲིད་འོག་ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་འབྱོར་ཕྱུག་དང་སྟོབས་ཆེའི་བར་གྱི་འཕེལ་ཕྱོགས་ཆེན་པོར་ངོས་འཛིན་གཏིང་ཟབ་བཅས་བྱས་ནས། ལས་དོན་གྱི་ཆ་ལག་ཚང་བའི་རང་བཞིན་དང་། མ་འོངས་སྔོན་མཐོང་རང་བཞིན། གསར་གཏོད་རང་བཞིན་བཅས་ཤུགས་ཆེར་བཏང་སྟེ་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས།

    གཉིས་ནས་ལོ་ངོ་བརྒྱའི་ཏང་ཆེན་པོའི་འགོ་ཁྲིད་སྲོག་ཤིང་གི་ཧ་ཅང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་དེ་བས་རང་རྟོགས་དང་བློ་རྩ་བརྟན་པོས“སྲུང་སྐྱོང་གཉིས”ཐུབ་པར་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་རེའི་ཏང་གིས་བོད་ལ་བཅིངས་འགྲོལ་བཏང་བ་དང་བོད་ཡག་པོ་བསྐྱངས་པའི་ལོ་རྒྱུས་ནི་ལོ་ངོ་བརྒྱའི་ལོ་རྒྱུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། བོད་ལ་དུས་ཐུང་ལོ་ངོ་70ཡི་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་བའི་ཁྲོད་ནས་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བས་ཀྱང་མེད་པས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་མཐའ་འཁྱོངས་བྱས་ཚེ། གཞི་ནས་བོད་ཀྱི་མི་དམངས་ལ་བདེ་སྐྱིད་ལྡན་པའི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་ཡིན་པར་མྱོང་ཚོར་གཏིང་ཟབ་ཐུབ་པ་དང་། བོད་ལ་ད་ཆའི་དུས་བབ་བཟང་པོ་འདི་འདྲ་ཡོང་དོན་དང་མི་རིགས་ཁག་གི་མི་དམངས་ལ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བའི་འགག་རྩ་ནི་ཏང་དང་། ཏང་ཀྲུང་དབྱང་གི་དབང་གྲགས། སྲོག་ཤིང་བཅས་ལ་ཐུག་པར་མྱོང་ཚོར་གཏིང་ཟབ་ཐུབ་ནས། དེ་བས་བློ་རྩ་བརྟན་པོ་དང་རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་དགོས།

    གསུམ་ནས་ལོ་ངོ་བརྒྱའི་ཏང་ཆེན་པོའི་བསམ་བློའི་དར་ཆ་ནམ་ཡང་ལྷབ་ལྷུབ་ཏུ་གཡོ་བར་ངོས་འཛིན་གཏིང་ཟབ་བྱས་ཏེ་དེ་བས་རང་རྟོགས་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྤྱིར་བཏང་མིན་པའི་ལོ་རྒྱུས་འཕེལ་རིམ་ཁྲོད་ནས་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་སྟོབས་ཤུགས་དང་ལག་ལེན་སྟོབས་ཤུགས་ཚོར་བ་བྱེད་པ་དང་། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་བ་དང་། སེམས་གཏིང་དུ་ཟུག་པ། ཏན་ཏིག་གི་ཕྱོགས་སུ་སྤེལ་བ་བཅས་ལ་སྐུལ་འདེད་གཏོང་བ། སློབ་སྦྱོང་ཏན་ཏིག་བྱས་ནས“གཏིང་ཟབ”ལ་སྐུལ་འདེད་གཏོང་བ་དང་། ཡིད་ཆེས་བརྟན་པོ་བྱས་ནས“གོ་བ་ལོན་པར”སྐུལ་འདེད་གཏོང་བ། ཡག་པོ་སྤྱད་ནས“གཞན་སྒྱུར”ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ། དགོངས་པ་གལ་ཆེན་དེའི་མངོན་གསལ་དོད་པའི་དུས་རབས་ཀྱི་རང་བཞིན་དང་། ཤུགས་ཆེའི་རིགས་པའི་གཞུང་ལུགས་ཀྱི་རང་བཞིན། ཕུན་སུམ་ཚོགས་པའི་ལག་ལེན་གྱི་རང་བཞིན། རྒྱ་ཁྱབ་ཆེ་བའི་འཛམ་གླིང་གི་རང་བཞིན་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ཟབ་སྦྱོང་མཐིལ་རྟོགས་དང་མཐའ་གསལ་མཐིལ་རྟོགས་ཐུབ་པ་བྱེད་དགོས།

    བཞི་ནས་ལོ་ངོ་བརྒྱའི་ཏང་ཆེན་པོའི་རྩ་བའི་དམིགས་ཡུལ་ནམ་ཡང་མི་འགྱུར་བར་ངོས་འཛིན་གཏིང་ཟབ་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་དགོས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སྟངས་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་དང་མཉམ་འདྲེས་བཅས་བྱས་ནས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་པའི་བཀོད་སྒྲིག་ལ་གཞིགས་ཏེ། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་དོན་ལ་དམ་འཛིན་ནན་པོ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཤུགས་ཆེར་གཏོང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།