དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་སྲིད་གཞུང་ལས་ཁུངས་ཏང་ཙུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་སྐོང་འཁྲབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-02

    ཟླ་6ཚེས་30ཉིན་གྱི་དགོང་མོ། རང་སྐྱོང་ལྗོངས་སྲིད་གཞུང་ལས་ཁུངས་ཏང་ཙུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་སྐོང་འཁྲབ་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་དང་། ཀྲང་ཡུང་ཙེ། ལུའོ་མེ། མོང་ཞའོ་ལིན། ཀྲང་ཧུང་པོ། རེན་ཝུའེ། ཝང་ཡུང་བཅས་ཀྱིས་ཏང་ཡོན་དཀྱུས་མའི་ངོས་ནས་ཀྲི་པུའི་བྱེད་སྒོར་ཞུགས་པ་རེད།

    “གླུ་ཞིག་བླངས་ནས་ཏང་ལ་འབུལ། ཏང་ནི་ང་ཡི་ཡུམ་དང་འདྲ”སྤྲོ་སེམས་རྒྱས་ཤིང་བརྩེ་དུང་ཟབ་པའི་གླུ་སྒྲ་གྲགས་པ་དང་བསྟུན་ནས་འཁྲབ་སྟོན་འགོ་ཚུགས། སྐད་གསང་མཐོན་པོའི་གླུ་སྒྲ་དེ་བརྩེ་བ་ཟབ་པའི་སྨོན་ཚིག་ལ་ཕབ་པ་དང་མི་སེམས་འགུལ་བའི་སྟངས་སྟབས་ལ་སེམས་དབུས་ཀྱི་སྨོན་འདུན་བསྐུར་ནས་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་ལས་བྱེད་ལས་བཟོ་དང་བཅའ་སྡོད་ལས་རེས་ཀྱི་དྲག་ཆས་དཔོན་དམག་ཚོས་སྤྲོ་སེམས་འཁོལ་པོ་དང་སྙིང་སྟོབས་རབ་འཕེལ་གྱིས་ཏང་ལ་དགའ་ཞེན་དང་དད་གུས་ཀྱི་སེམས་པ་མཚོན་པར་བྱས་པ་དང་། ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་དང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་དགའ་སྤྲོའི་སེམས་པ་མཚོན་པར་བྱས་པ་རེད།

    མཚན་ཚོགས་ཧྲིལ་པོའི་ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་སྣ་ཚོགས། བརྩེ་བ་རྣམ་དག་དང་མི་སེམས་འགུལ་བ་བཅས་ཡོད་པས། ཚང་མའི་སེམས་ལ་རྦ་རླབས་ལང་ལོང་དུ་འཕྱུར་བའི་ཞུན་བརྡར་ཞིག་སྤྲས་ཤིང་། དེ་གར་ཡོད་པའི་ལྟད་མོ་བར་བརྩེ་བ་མཉམ་སྐྱེས་བྱུང་བ་དེ་ནི་གསོན་ཉམས་དོད་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཏང་གི་སློབ་ཚན་ཞིག་རེད། མཚན་ཚོགས་མཇུག་འགྲིལ་ལ་ཉེ་སྐབས། གླུ་གཞས《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པའི་བརྗིད་ཉམས་ཆེ་བའི་དབྱངས་རྟའི་ཁྲོད་བློ་མཐུན་ཆེ་དགྲ་ལྷ་སོགས་གར་སྟེགས་སུ་ཕེབས་ནས་ཚང་མ་དང་མཉམ་དུ་སྐད་གསང་མཐོན་པོས་གླུ་གཞས་བླངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།