དབུ་ཤོག>སྲིད་དོན།
  • ཅང་ཅེས་མཐའ་མཚམས་ལས་དོན་སྐོར་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-24

    ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས། མཐའ་མཚམས་འཛུགས་སྐྲུན་ལས་དོན་སྐོར་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་མཐའ་མཚམས་ས་ཁུལ་དང་གྲོང་ཁྱེར་4དང་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ཉན་པ་དང་། མཐའ་སྟོབས་མཐའ་བརྟན་གྱི་སྲིད་ཇུས་ལ་ཞིབ་འཇུག་བྱས་པ། དུས་མཚམས་རྗེས་མའི་ལས་དོན་སླར་ཡང་བཀོད་སྒྲིག་བྱས་པ་རེད།

    ཅང་ཅེས་ཐོག་མར་མཐའ་མཚམས་འཛུགས་སྐྲུན་གྱི་དུས་འགོའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་མཐའ་མཚམས་འཛུགས་སྐྲུན་གྱི་ལས་འགན་ལྕི་ལ་དུས་ཚོད་གཏུགས་པོ་ཡོད། འབྲེལ་ཡོད་ས་ཁུལ་དང་གྲོང་ཁྱེར་དང་སྡེ་ཚན་ཁག་གིས་འགན་འཁྲི་ཁ་གསལ་བཟོ་བ་དང་ལས་ཡུན་ལྡོག་སྒྲིག་བྱས་ཏེ། རིགས་ཁག་གི་རྣམ་གྲངས་བསྡུ་སྒྲིལ་དང་མ་དངུལ་སྤྱི་འདོམས་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་དུས་འགོའི་ལས་དོན་དང་འཛུགས་སྐྲུན་ལས་འགན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པ་དང་། སྲིད་ཇུས་གསེད་བཀྲོལ་དང་མ་ལག་གྲུབ་པར་བྱས་ནས་མཐའ་མཚམས་འཛུགས་སྐྲུན་དང་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་གཞིགས་ཏེ་ཁྱད་པར་རང་བཞིན་དང་། ཀུན་ཕན་རང་བཞིན། བརྟན་པོའི་རང་བཞིན་བཅས་དེ་བས་ལྡན་པའི་སྲིད་ཇུས་ཀྱི་མ་ལག་ཆགས་པར་བྱེད་དགོས་པ། ས་ཁུལ་གྲོང་ཁྱེར་དང་རྫོང་གི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་། བདེ་འཇགས་ཚོད་སྐོར་དང་། ཁོར་ཡུག་ཚོད་སྐོར། གནོད་འཚེ་ཚོད་སྐོར་སོགས་ཀྱི་སྔོན་འགྲོའི་འགྲོ་ལུགས་རང་འགུལ་ངང་འཐུས་སྒོ་ཚང་དུ་བཏང་སྟེ། ཆུ་གློག་ལམ་དྲ་འཕྲིན་སོགས་ཀྱི་ལས་གྲྭ་ཚན་རིག་དང་ལུགས་དང་མཐུན་པའི་ངང་ལེ་ལག་ཚང་སྒྲིག་བྱེད་དགོས་པ། བླང་བྱ་དང་འཚམ་པའི་རྣམ་གྲངས་ཞིང་འབྲོག་པའི་ཨར་ལས་རུ་ཁག་ལ་སྐྲུན་འགན་འཁུར་རྒྱུར་རྩིས་སྤྲོད་པའི་བྱེད་སྟངས་བརྒྱུད། ཞིང་འབྲོག་མང་ཚོགས་འཛུགས་སྐྲུན་ལ་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་འཕེལ་བར་བྱེད་པ་དང་། ཞིང་འབྲོག་པའི་གླ་ཆ་འགྱངས་ཆད་ཀྱི་བྱེད་སྤྱོད་ཐོན་རྒྱུ་སྔོན་འགོག་བྱེད་དགོས་པ། སྤྱོད་གཙང་ངང་དབང་ཆ་བེད་སྤྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དུས་ཐོག་ཏུ་ས་གནས་ས་ཐོག་ལ་ལྟ་བཤེར་བྱེད་པ་བཅས་བྱས་ཏེ། འདི་ལོའི་མཐའ་མཚམས་འཛུགས་སྐྲུན་ལས་འགན་དུས་བཀག་ལྟར་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།