དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-23

    ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཚེས་21ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གཟིགས་མཛུབ་ཁྲིད་ཚོགས་ཆུང་དང་པོའི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་གྱིས་རུ་སྣེ་ཁྲིད་དེ་ལྷ་སར་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་ལྗོངས་ཏང་ཨུད་སྐོར་གཟིགས་མཛུབ་ཁྲིད་ཚོགས་ཆུང་དང་པོར་ལྷ་ས་གྲོང་ཁྱེར་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་སྙན་སེང་ཞུས་པ་རེད།

    སྙན་སེང་གསན་རྗེས་ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤྱི་འདོམས་ཐད་ཐབས་ཤེས་ཡོད་པ་དང་། གཞི་རྟེན་ཕུན་སུམ་ཚོགས་པ། ཁྱད་ཆོས་མངོན་གསལ་དོད་པ། ཕན་འབྲས་ལྡན་པ། འགོ་ཡག་པོ་བཙུགས་ཡོད་པ་བཅས་བྱུང་ནས་ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཉམས་མྱོང་གསོག་འཇོག་དང་། མིག་དཔེ་སྟོན་པ། དཔྱད་གཞི་མཁོ་འདོན་བཅས་བྱས་པར་ཁས་ལེན་གང་ལེགས་བྱེད་འོས་པ་ཞིག་རེད་ཅེས་གསུངས་ཤིང་། ཁོང་གིས་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ནི་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཇུས་འདོན་ལས་རོགས་ལྟ་བུ་ཡིན་ལ། མཛུབ་ཁྲིད་བྱ་ཡུལ་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན། ལྗོངས་ཏང་ཨུད་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་དང་པོས་རང་འགན་གཙང་སྒྲུབ་དང་ལས་འགན་ཁ་གསལ་བཟོས་ཏེ་ལྷ་ས་གྲོང་ཁྱེར་དུ་སྐོར་སྐྱོད་མཛུབ་ཁྲིད་རེས་སྐོར་ཐེངས་5ལས་མི་ཉུང་བ་བྱས་ནས་དཔྱད་ཡིག་ལྟ་ཀློག་དང་། བརྟག་ཞིབ་དང་བཅར་འདྲི། སྐོར་སྐྱོད་ཟུར་ཉན་སོགས་བྱ་ཐབས་ཀྱི་ལས་དོན་སྤེལ་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ལས་དོན་དོན་འཁྱོལ་ཞིབ་ཕྲ་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ལས་དོན་ལ་གྲུབ་འབྲས་ཏན་ཏིག་ཐོབ་པར་བྱེད་དགོས། སྤྱི་ཡོངས་ཀྱི་བླང་བྱ་ཁོང་དུ་ཏན་ཏིག་ཆུད་པར་བྱས་ཏེ་གཏན་འབེབས་བྱ་སྤྱོད་ཇི་མ་ཇི་བཞིན་དོན་འཁྱོལ་དང་རང་འདེམས་བྱ་སྤྱོད་ལ་བཀྲག་མདངས་འཚེར་ས་མང་པོ་ཡོད་པར་བྱེད་དགོས། བཟོ་སློབ་གཉིས་འཕེལ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་སློབ་སྦྱོང་སློབ་གསོ་དང་ལས་དོན་དངོས་ཕན་ཚུན་སྐུལ་འདེད་ཐེབས་པ་དང་སློབ་སྦྱོང་གི་ཕན་འབྲས་དང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཕན་ཚུན་སྐུལ་སྤེལ་གཏོང་དགོས། དཔེ་མཚོན་གཏོད་པར་དམ་འཛིན་ཡག་པོ་དང་མིག་དཔེའི་སྣེ་ཁྲིད་དང་དཔེ་སྟོན་སྐུལ་ཁྲིད་ཀྱི་ཕན་འབྲས་བཏོན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྔར་བས་གཏིང་ཟབ་ཕྱོགས་སུ་སྤེལ་ཏེ་ཕན་འབྲས་དངོས་ལ་བརྟེན་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་གྱི་ཚབ་ཞུས་ནས་སྙན་སེང་ཞུ་སྐབས། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ། ནུས་ཤུགས་ཡོད་རྒུས་ལྗོངས་ཏང་ཨུད་ཀྱི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་ལ་གཞོགས་འདེགས་ཧུར་ཐག མཛུབ་ཁྲིད་ཚོགས་ཆུང་གིས་བཏོན་པའི་བསམ་འཆར་གྲོས་འགོ་དང་ཡང་ཡང་བསྡུར་བ་བཅས་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ། གཏོར་འཛུགས་མཉམ་སྤེལ་མཐའ་འཁྱོངས་བྱེད་པ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་པ། སློབ་སྦྱོང་སློབ་གསོའི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། རིགས་དབྱེའི་མཛུབ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་སོགས་གཙོ་གནད་ལས་དོན་ལ་ཤུགས་སྣོན་རྒྱག་པ། དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་འགན་ཁག་ལེགས་སྒྲུབ་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།