རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་སྐོར་གཟིགས་རེས་སྐོར་ཐེངས་བཅུ་པས་ཤེས་རྟོགས་བྱུང་བའི་སྐོར་གཟིགས་བྱ་ཡུལ་ཚན་པའི་འབྲེལ་ཡོད་གནད་དོན་སྐོར་གྱི་གནས་ཚུལ(བཞི་པ)
རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་སྐོར་གཟིཌ་རེས་སྐོར་ཐེངས་བཅུ་པས་སྐོར་གཟིཌ་བྱེད་རིང་ཤེས་རྟོཌ་བྱུང་བའི་ལྗོངས་མི་སྤྱི་ཐིང་ཏང་ཙུའུ་ལ་ལྷག་པའི་གནད་དོན་གཙོ་བོ།
གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལྷག་པར་དུ་བོད་ཀྱི་ལས་དོན་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཧེ་བག་ཡོད་པ་དང་། ལག་ལེན་ལ་མཛུབ་ཁྲིད་དང་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱུང་མེད་པ། ལྟེ་བའི་འགན་ནུས་སྒྲུབ་ཤུགས་ཞན་པ། ཉེན་ཁ་འགོག་ཟོན་དང་སེལ་བའི་འདུ་ཤེས་ཟབ་པོ་མེད་པ་དང་། གཉིས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་མི་འདང་བ། ཐིང་དུ་བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོཌ་ཆུང་གི“མངཌ་པའི”དབང་གྲགས་དང“བཅའ་སྡོད”ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཐུབ་མེད་པ། “སྤྱོད་ཚུལ་བཞིའི”གནད་དོན་མུ་མཐུད་བཅོས་སྒྲིག་བྱེད་ཤུགས་མི་འདང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་ཤུགས་མི་འདང་བ། གསུམ་ནས་ཚན་ཁག་འཛུགས་སྐྱོང་བྱེད་ཤུགས་མི་འདང་བ། ལས་བྱེད་པའི་མི་དོན་ལས་དོན་ཚད་ལྡན་མེད་པ། ཏང་འཛུགས་སྐྱོང་གི་འགན་འཁྲིར་ངོས་འཛིན་གསལ་པོ་དང་སྟངས་འཛིན་ཡང་དག་བྱུང་མེད་པ། བཞི་ནས་དག་ཐེར་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་དང་ཏན་ཏིག་མེད་པ། གནད་དོན་དག་ཐེར་གྱི་རྒྱུན་མཐུད་རང་བཞིན་ཆེན་པོ་མེད་པ། དེ་དང་ཆབས་ཅིག་སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ལ་གནད་དོན་ཡོད་པའི་ཁུངས་སྣེ་འབྱོར་བ་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་སྐོར་གཟིགས་རེས་སྐོར་ཐེངས་བཅུ་པས་སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་ལྗོངས་ནོར་སྲིད་ཐིང་ཏང་ཙུའུ་ལ་ལྷག་པའི་གནད་དོན་གཙོ་བོ།
གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ཏན་ཏིག་བྱུང་མེད་པ་དང་། ཏང་ཙུའུ་ཡི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱུང་མེད་པ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་ཤུགས་མི་འདང་བ། ཉེན་ཁ་ཚབས་ཆེན་འགོག་ཟོན་གྱི་ཆབ་སྲིད་ཀྱི་འདུ་ཤེས་ཟབ་པོ་མེད་པ་དང་། གཉིས་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་མི་འདང་བ། སྲིད་གཙང་ཉེན་ཁ་གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་མི་འདང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ངེས་ཅན་གནས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་སྔར་བཞིན་གནས་པ། གསུམ་ནས་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་བྱེད་ཤུགས་མི་འདང་བ། ལས་བྱེད་པའི་མི་དོན་ལས་དོན་སྒྲུབ་ཤུགས་མི་འདང་བ། ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་མི་འདང་བ། ལས་བྱེད་པའི་འགན་འཁྲི་འཁུར་སེམས་དང་བྱས་རྗེས་འཇོག་སེམས་ཞན་པ། བཞི་ནས་སྐོར་ཞིབ་དང་རྩིས་བཤེར་སོཌ་ལྟ་སྐུལ་ཞིབ་བཤེར་བྱེད་རིང་ཚུར་ལན་སྤྲད་པའི་གནད་དོན་ཁག་དག་ཐེར་གནད་འཁེལ་མ་བྱུང་བ། དེ་དང་ཆབས་ཅིག་སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ལ་གནད་དོན་ཡོད་པའི་ཁུངས་སྣེ་འབྱོར་བ་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་སྐོར་གཟིགས་རེས་སྐོར་ཐེངས་བཅུ་པས་སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་ལྗོངས་གྲོང་གསེབ་དར་རྒྱས་ཅུས(དེ་སྔའི་ལྗོངས་དབུལ་སྐྱོར་གཞུང་དོན་ཁང)ཏང་ཙུའུ་ལ་ལྷག་པའི་གནད་དོན་གཙོ་བོ།
གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པ་ཞིག་བྱུང་མེད་པ་དང་། ཏང་ཙུའུ་ཡི་ལྟེ་བའི་འགན་ནུས་འདོན་སྤེལ་གང་ལེགས་ཐུབ་མེད་པ། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲི་དོན་ཐོག་ཏུ་གནད་འཁེལ་མ་བྱུང་བ་དང་། གཉིས་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་གནད་འཁེལ་མ་བྱུང་བ། ཏང་ཙུའུ་ཡི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ངོས་འཛིན་ཐད་ཧེ་བག་ཡོད་པ། ཚན་ཁག་གི་ཁོངས་མིའི“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་ཏན་མ་བྱུང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ངེས་ཅན་གནས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་བཀག་ཀྱང་མི་ཁོག་པ། གསུམ་ནས་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་བྱེད་ཤུགས་མི་འདང་བ། དམངས་གཙོ་གཅིག་སྡུད་ལམ་ལུཌ་ལག་བསྟར་ནན་པོ་དང་ཚད་ལྡན་མ་བྱུང་བ། མི་སྣ་འདེམས་སྤྱོད་ཀྱི་ཕྱོགས་སྟོན་ལ་ཁྱད་པར་ཡོད་པ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཉམས་ཞན་ཡིན་པ། གཞི་རིམ་ཏང་རྩ་འཛུཌ་འཛུགས་སྐྱོང་ཉམས་ཞན་ཡིན་པ། ལས་བྱེད་པའི་འགན་འཁུར་གྱི་འདུ་ཤེས་ཞན་པ། བཞི་ནས་སྐོར་ཞིབ་དང་རྩིས་བཤེར་སོགས་ལྟ་སྐུལ་ཞིབ་བཤེར་བྱེད་རིང་ཤེས་རྟོཌ་བྱུང་བའི་གནད་དོན་དག་ཐེར་མཐར་ཕྱིན་མ་བྱུང་བ། དེ་དང་ཆབས་ཅིག་སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ལ་གནད་དོན་ཡོད་པའི་ཁུངས་སྣེ་འབྱོར་བ་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོཌ་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་སྐོར་གཟིཌ་རེས་སྐོར་ཐེངས་བཅུ་པས་སྐོར་གཟིཌ་བྱེད་རིང་ཤེས་རྟོགས་བྱུང་བའི་ལྗོངས་མི་དམངས་སྲིད་གཞུང་ལས་ཁུངས་ཏང་ཙུའུ་ལ་ལྷག་པའི་གནད་དོན་གཙོ་བོ།
གཅིག་ནས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་ཧེ་བག་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་མ་བྱུང་བ། འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གནད་འཁེལ་མ་བྱུང་བ། ལྟེ་བའི་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་ཚད་མི་འདང་བ། “སྒྲུབ་གཉེར་གསུམ”གྱི་སྤུས་ཚད་མཐོ་པོ་མེད་པ། ཇུས་འདོན་ལས་རོགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་མ་བྱུང་བ། སྲིད་ཇུས་ཀྱི་མཁོ་སྤྲོད་ལ་སྐུལ་འདེད་གཏོང་རྒྱུ་དུས་ཐོག་མ་བྱུང་བ། བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ལ་ཧེ་བག་ཡོད་པ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མི་འདང་བའི་ཆ་གནས་པ། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་གནད་འཁེལ་མ་བྱུང་བ་དང་། གཉིས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གནད་འཁེལ་མ་བྱུང་བ། བྱེད་པོའི་འགན་འཁྲི་ཉམས་ཞན་དུ་སོང་བ། ཚན་ཁག་གི་ཁོངས་མིའི“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་གནད་འཁེལ་མ་བྱུང་བ། སྲིད་གཙང་ཉེན་བརྡའི་སློབ་གསོའི་ལས་དོན་རྗེས་སུ་ལུས་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ། “སྤྱོད་ཚུལ་བཞིའི”གནད་དོན་སྔར་བཞིན་གནས་པ། གསུམ་ནས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ལ་ཧེ་བག་ཡོད་པ། ཚན་ཁག་འཛུགས་སྐྱོང་ཉམས་ཞན་ཡིན་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་གནད་འཁེལ་མ་བྱུང་བ། མི་སྣ་འདེམས་སྤྱོད་ཚད་ལྡན་མེད་པ། དཔུང་ཁག་འཛུགས་སྐྱོང་རྗེས་སུ་ལུས་པ། ཏང་འཛུགས་སྐྱོང་གི་ལས་དོན་ཉམས་ཞན་དུ་སོང་བ། བཞི་ནས་སྐོར་ཞིབ་དང་རྩིས་བཤེར་སོགས་ལྟ་སྐུལ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཞིབ་ལྟའི་གནད་དོན་དག་ཐེར་མཐར་ཕྱིན་མ་བྱུང་བ་བཅས་རེད།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་སྐོར་གཟིགས་རེས་སྐོར་ཐེངས་བཅུ་པས་སྐོར་གཟིཌ་བྱེད་རིང་ཤེས་རྟོགས་བྱུང་བའི་གོར་མོར་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་ཏང་ཙུའུ་ལ་ལྷག་པའི་གནད་དོན་གཙོ་བོ།
གཅིག་ནས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་མ་བྱུང་བ་དང་། ཕྱོགས་ཡོངས་ནས་སློབ་སྦྱོང་གཏིང་ཟབ་བྱེད་ཚད་མི་འདང་བ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པའི་ལས་འགན་དོན་འཁྱོལ་བྱེད་ཤུགས་མི་འདང་བ། གོར་མོའི་རྟེན་གཞི་འཕེལ་རྒྱས་དང་བཟོ་ལས་གླིང་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཤུགས་མི་འདང་བ། ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་གནད་འཁེལ་མ་བྱུང་བ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པར་ཞན་ཆ་ཡོད་པ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱུང་མེད་པ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་ཞན་ཆ་ཡོད་པ། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་རྒྱུར་མི་མངོན་པའི་རྐྱེན་ངན་ཡོད་པ་དང་། གཉིས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ཏན་ཏིག་བྱུང་མེད་པ། བྱེད་པོའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱུང་མེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་སྲིད་གཙང་ཉེན་ཁ་ཆེ་ཙམ་ཡོད་པ། སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་མེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་ཤུགས་མི་འདང་བ། གསུམ་ནས་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ནན་པོ་མེད་པ། ཚན་ཁག་འཛུགས་སྐྱོང་དང་དེ་བཞིན་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཐད་ཞན་ཆ་ཡོད་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་གནད་འཁེལ་མ་བྱུང་བ། གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ཉམས་ཞན་ཡིན་པ། ལས་བྱེད་པའི་འགན་འཁྲི་འཁུར་སེམས་དང་བྱས་རྗེས་འཇོག་སེམས་ཞན་པ། བཞི་ནས་སྐོར་ཞིབ་དང་རྩིས་བཤེར་སོགས་ལྟ་སྐུལ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་སྣ་ཚོགས་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ཞིབ་ལྟའི་གནད་དོན་དག་ཐེར་མཐར་ཕྱིན་བྱུང་མེད་པ། དེ་དང་ཆབས་ཅིག་སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ལ་གནད་དོན་ཡོད་པའི་ཁུངས་སྣེ་འབྱོར་བ་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་སྐོར་གཟིགས་རེས་སྐོར་ཐེངས་བཅུ་པས་སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་ལྗོངས་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའུ་ལ་ལྷག་པའི་གནད་དོན་གཙོ་བོ།
གཅིག་ནས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པར་ཧེ་བག་ཡོད་པ་དང་། བརྒྱུད་བསྒྲགས་དང་སྒྲོག་སྦྱང་བྱེད་མང་བ་དང་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་ཉུང་བ། ལྟེ་བའི་འགན་ནུས་འདོན་སྤེལ་གང་ལེགས་མ་བྱུང་བ། ཕྱོགས་ཡོངས་ནས་གསར་གཏོད་སྒྱུར་བཅོས་ལ་སྤྱི་འདོམས་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“ཇུས་འདོན་པུའུ”ཡི་ནུས་པ་མི་འདང་བ་དང་། གཉིས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པར་ཧེ་བག་ཡོད་པ། “འགན་འཁྲི་གཉིས”འབྲེལ་མཐུད་མཉམ་སྒྲུབ་བྱེད་ཚད་མི་འདང་བ། སྒྲིག་ཁྲིམས་སྔོན་ལ་བཞག་མེད་པ་དང་ནན་པོ་གནད་འཁེལ་མ་བྱུང་བ། རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་གཏོང་ཤུགས་མི་འདང་བ། གསུམ་ནས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་བྱེད་པར་ནོན་ཁྱད་ཡོད་པ། “སྣེ་འདྲེན་པའི་ནུས་འབྲས”མངོན་གསལ་དོད་པོ་མེད་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་གནད་འཁེལ་མ་བྱུང་བ། ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་བྱུང་མེད་པ། ལས་སྒོ་ཁོ་ནའི་ལས་ཁུངས་ཀྱི་ཕྱོགས་ལྷུང་བསམ་བློ་ཚབས་ཆེ་ཙམ་ཡོད་པ། བཞི་ནས་སྐོར་ཞིབ་དང་ལྟ་སྐུལ་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་ལ་ཧེ་བག་ཡོད་པ། དག་ཐེར་གྱི་ཆབ་སྲིད་ཚུགས་གནས་མཐོ་པོ་མེད་པ། དག་ཐེར་གྱི་ཕན་འབྲས་མངོན་གསལ་དོད་པོ་མེད་པ། གནད་དོན་ཁ་ཤས་དག་ཐེར་གནད་འཁེལ་དང་མཐར་ཕྱིན་མ་བྱུང་བ། གནད་དོན་ཁ་ཤས་དག་ཐེར་བྱས་རྗེས་སླར་ཡང་ཐོན་པ་དང་ཐ་ན་དག་ཐེར་ཇི་ཙམ་བྱས་པ་དེ་ཙམ་གྱིས་ཚབས་ཆེ་རུ་འགྲོ་བ། གཏན་འབེབས་ལྟར་སྤྱི་ཚོགས་ལ་སྐོར་ཞིབ་དག་ཐེར་བྱས་ཚུལ་ཡོངས་བསྒྲགས་བྱས་མེད་པ། དེ་དང་ཆབས་ཅིག་སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ལ་གནད་དོན་ཡོད་པའི་ཁུངས་སྣེ་འབྱོར་བ་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་སྐོར་གཟིགས་རེས་སྐོར་ཐེངས་བཅུ་པས་སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་ལྗོངས་མི་དམངས་སྨན་ཁང་ཏང་ཨུད་ལ་ལྷག་པའི་གནད་དོན་གཙོ་བོ།
གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཏན་ཏིག་མ་བྱུང་བ་དང་། ཆབ་སྲིད་ལག་ལེན་བསྟར་ནུས་མི་འདང་བ། དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་པོ་མེད་པ་དང་། གཉིས་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་ཧེ་བག་ཆེ་ཙམ་ཡོད་པ། ལྟ་སྐུལ་འགན་འཁྲི་སྒྲུབ་ཤུགས་ཅུང་ཞན་པ། རིན་ཐང་དམའ་ལ་ཟད་གྲོན་སླ་བའི་དངོས་རྫས་ཉོ་སྒྲུབ་དང་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ཁྱབ་ཁོངས་སོགས་ཀྱི་སྲིད་གཙང་ཉེན་ཁ་ཅུང་ཆེ་བ། སྤྱོད་ཚུལ་གྱི་གནད་དོན་བཀག་ཀྱང་མི་ཁོག་པ་དང་གནད་དོན་བསྐྱར་ཐོན་གྱི་གནོན་ཤུགས་ཆེ་བ། གསུམ་ནས་ཚན་ཁག་གི་ཆབ་སྲིད་དང་སྒྲིག་འཛུགས་ནུས་པ་ཉམས་ཞན་དུ་ཚབས་ཆེན་སོང་བ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་མི་འདང་བ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་བལྟོས་བཅས་ཀྱིས་ཞན་པ། བཞི་ནས་དག་ཐེར་གྱི་འགན་འཁྲི་ཏན་ཏིག་མེད་པ། དག་ཐེར་བྱེད་ཐབས་ཏན་ཏིག་མེད་པ། དག་ཐེར་གྱི་ཕན་འབྲས་མངོན་གསལ་དོད་པོ་མེད་པ། དེ་དང་ཆབས་ཅིག་སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ལ་གནད་དོན་ཡོད་པའི་ཁུངས་སྣེ་འབྱོར་བ་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་སྐོར་གཟིགས་རེས་སྐོར་ཐེངས་བཅུ་པས་སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་ཏང་ཙུའུ་ལ་ལྷག་པའི་གནད་དོན་གཙོ་བོ།
གཅིག་ནས་གད་སྙིགས་རིགས་དབྱེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པར་ཧེ་བག་ཡོད་པ་དང་། ཏང་ཙུའུ་ཡི་ཆབ་སྲིད་ཀྱི་ལྟེ་བའི་འགན་ནུས་སྒྲུབ་པར་ཧེ་བག་ཡོད་པ། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པར་ཧེ་བག་ཡོད་པ་དང་། གཉིས་ནས་གཤམ་འོག་བྱ་གཞག་ཚན་པའི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ཐད་ཡོད་པའི་ནན་པོ་མེད་པ་དང་ནུས་མེད་ཟབ་ཟོབ་ཀྱི་གནད་དོན་ལ་ལྟ་འདོམས་གནད་འཁེལ་མ་བྱུང་བ། ཉེན་བརྡའི་སློབ་གསོ་གཏོང་ཚད་མི་འདང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་སྔར་བཞིན་གནས་པ། གསུམ་ནས“གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་ལམ་ལུགས་ལག་བསྟར་གནད་འཁེལ་མ་བྱུང་བ། གཤམ་འོག་བྱ་གཞག་ཚན་པའི་རྩ་འཛུགས་དང་མི་དོན་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་མི་འདང་བ། བཞི་ནས་དག་ཐེར་གྱི་བྱེད་པོའི་འགན་འཁྲི་ལག་བསྟར་བྱེད་པར་བར་ཁྱད་ཡོད་པ། ལྟ་སྐུལ་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ཁ་ཤས་སྔར་བཞིན་མངོན་གསལ་དོད་པ། དེ་དང་ཆབས་ཅིག་སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ལ་གནད་དོན་ཡོད་པའི་ཁུངས་སྣེ་འབྱོར་བ་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣