དབུ་ཤོག>སྲིད་དོན།
  • ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གི་གསོ་སྦྱོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-06-18

    ལྗོངས་ཏང་ཨུད་དང་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གི་གསོ་སྦྱོང་ཚོགས་འདུ་ལྷ་སར་འཚོགས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ལས་དོན་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཀྲོང་ཡན་གྱིས། ཏང་གི་ལོ་རྒྱུས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལོན་པར་བྱེད་དགོས་ཤིང་། ལྗོངས་ཏང་ཨུད་དང་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གི་སྤྱིའི་བཀོད་སྒྲིག་གཞིར་བཟུང་བ་དང་སྐོར་སྐྱོད་མཛུབ་ཁྲིད་ཇུས་གཞིའི་ནང་གཏན་འཁེལ་བྱས་པའི་གཙོ་གནད་ལྟ་སྐུལ་མཛུབ་ཁྲིད་ཀྱི་ནང་དོན་ལ་དམིགས་ཏེ། འགན་འཁྲི་དང་ལྟ་སྐུལ་མཛུབ་ཁྲིད་བྱས་ཚུལ་ནན་དུ་བཏང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ལས་དོན་གོ་རིམ་དང་ནུས་པ་ལྡན་པའི་སྒོ་ནས་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་གསོ་སྦྱོང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་སྐོར་སྐྱོད་མཛུབ་ཁྲིད་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་གནང་བ་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་རིག་འཛིན་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་རྒྱུན་མཐུད་སྐུལ་འདེད་གཏོང་བའི་དུས་སྐབས་གལ་ཆེན་འདིར། ལྗོངས་ཏང་ཨུད་ཀྱིས་དུས་ཐོག་ཏུ་སྐོར་སྐྱོད་མཛུབ་ཁྲིད་ལས་དོན་སྤེལ་རྒྱུའི་གཏན་འབེབས་གནང་བ་དེ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་གལ་ཆེན་ཞིག་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བའི་བྱ་ཐབས་གལ་ཆེན་ཞིག ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤུས་ཚད་མཐོ་ལ་ལས་ཕྱོད་ཆེན་པོ་ཡོང་བའི་འགན་ལེན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་བཅས་རེད་ཅེས་བསྟན་པ་རེད།

    ཚོགས་འདུའི་ཐོག སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གིས་གྲོང་ཁྱེར་དང་ས་ཁུལ་གྱི་སྡེ་ཚན་དང་ཚན་པ་ཁག་ལ་ཆེད་དོན་སློབ་སྦྱོང་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་པ་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཆེད་དོན་གསོ་སྦྱོང་སྒྲིག་འཛུགས་བྱེད་པ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ། ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཡག་པོ་ཚོགས་པ་བཅས་ཀྱི་ཁྲིད་སྟོན་བྱེད་པ་དང་འབྲེལ་སྐུལ་འདེད་ཀྱང་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་རང་ལྗོངས་སུ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ལམ་བུ་བརྒྱུད་ནས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། རིགས་དབྱེ་མཛུབ་ཁྲིད་མཐའ་འཁྱོངས་བྱེད་པ། དོན་དངོས་དང་ཟུང་འབྲེལ་གྱིས་གསར་གཏོད་རང་བཞིན་གྱི་ལས་དོན་སྤེལ་བ་བཅས་བྱས་ཏེ་གཏན་འབེབས་བྱ་སྤྱོད་བཟོ་ལྟ་མི་འགྱུར་བ་དང་རང་འདེམས་བྱ་སྤྱོད་ལ་ཁྱད་ཆོས་ལྡན་པའི་འགན་ལེན་བྱེད་དགོས་པ། ཕྱོགས་སྡོམ་རིམ་སྤོར་ལ་སྣང་ཆེན་དང་། དཔེ་མཚོན་གྱིས་ལམ་སྣེ་ཁྲིད་རྒྱུ་མཐའ་འཁྱོངས། སྔོན་ཐོན་དཔེ་མཚོན་གྱིས་དཔེ་སྟོན་སྐུལ་ཁྲིད་བཅས་བྱས་ནས་བསྡུར་སློབ་བསྙེགས་བརྒལ་གྱི་རྣམ་པ་བཟང་པོ་གཏོད་དགོས་པ། བརྒྱུད་རིམ་ཧྲིལ་པོར་ཞུགས་པ་དང་། ཕྱོགས་ཡོངས་ནས་འགག་སྒོ་སྲུང་བ། དུས་འཁོར་ཧྲིལ་པོར་མཛུབ་ཁྲིད་བྱེད་པ་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། སློབ་སྦྱོང་སློབ་གསོའི་ལས་དོན་ཁག་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་ཏན་ཏིག་བཏང་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་ཀའི་སྒུལ་ཤུགས་དང་ཕན་འབྲས་དངོས་ལ་འགྱུར་ཐུབ་པ་བྱེད་དགོས་པ། སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གི་བློ་མཐུན་ཡོངས་ཀྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། ཉམས་སད་ཐེག་ནུས་དང་། ཚན་རིག་དང་མཐུན་པའི་བྱ་ཐབས། སྤྱོད་ཚུལ་བཟང་པོ། སྒྲིག་ཁྲིམས་ནན་པོ་བཅས་ལ་བརྟེན་ནས་ལས་དོན་ལ་མཛུབ་ཁྲིད་ཧུར་ཐག་བྱས་ཏེ། མཛུབ་ཁྲིད་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་སྐོར་སྐྱོད་མཛུབ་ཁྲིད་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།